འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནས་ཚུལ་འདི་རིཊ་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་10ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། སློབ་གསོ་པུས་《རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་2023ལོའི་ལས་དོན་གཙོ་བོའི་འཆར་གཞི་》པར་འགྲེམས་བྱས་ནས། རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ལོ་འཁོར་གྱི་ལས་དོན་གཙོ་བོའི་འཆར་གཞི་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ཕྱོགས་རེ་བའི་ཆ་ནས་སློབ་མའི་ཡིག་རྒྱུགས་ཀྱི་སྦྱངས་འབྲས་དང་སློབ་གྲྭའི་སློབ་རིམ་འཕར་ཚད་ལ་བརྟེན་ནས། སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭར་དཔྱད་ཞིབ་བྱེད་རིགས་གཏན་འགོག་བྱེད་ཕྱིར། འཆར་གཞི་དེའི་ནང་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་སྔོན་འགོག་ཚོད་འཛིན་ལས་དོན་དང་། སྤྱི་ཡོངས་ཀྱི་རྒྱང་སྒྲིབ་ཚད་དང་གཟུགས་གཞི་ཐང་ཚད་ཀྱང་སྲིད་གཞུང་གི་ལས་རྗེས་དཔྱད་ཞིབ་ནང་འཇུག་རྒྱུ་ཁ་གསལ་བཟོས་ཡོད། 
     བྱིས་པ་དང་གཞོན་ནུ་ལོ་ཆུང་གི་གཟུགས་གཞི་ཐང་ཚད་ལོ་གསུམ་བསྟུད་མར་ཆག་པའི་ས་གནས་སྲིད་གཞུང་དང་སློབ་གྲྭར་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་བྱེད་དགོས། མིག་ཤེད་ཐང་ཚད་དེ་བྱང་ཚད་སློབ་གསོའི་ནང་འཇུག་པ་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་དང་། སློབ་སྦྱོང་གི་ཁུར་པོ་སོགས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དཔྱད་དཔོག་མ་ལག་ནང་འཇུག་དགོས།
     རླུང་འཕྲིན་བརྙན་འཕྲིན་དང་། ཚགས་པར་དང་དུས་དེབ། དྲ་བ། སྨྱན་སྦྱོར་གསར་པ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྤྱི་ཕན་བརྡ་ཁྱབ་སོགས་ཀྱི་རྣམ་པར་བརྟེན་ནས་རིམ་པ་མང་བ་དང་ཟུར་ཚད་མང་བའི་ཐོག་ནས། རྒྱང་སྒྲིབ་མིག་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ། སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་ཡོངས་ཀྱི་མིག་གཅེས་མིག་སྲུང་གི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མིག་ཤེད་བདེ་ཐང་ལ་ཕན་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་སློབ་གསོ་པུས་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་2021ལོ་དང་2022ལོའི་ལས་དོན་གཙོ་བོའི་འཆར་གཞི་པར་འགྲེམས་བྱས་རྗེས། ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་གཙོ་བོའི་འཆར་གཞི་ཐེངས་གསུམ་པ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་ཞིག་ཀྱང་རེད།