འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧན་ཀྲེང་གིས་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་མཉམ་ལས་ཀྱི་སྣེ་ཁྲིད་པ་ལུའུ་ཧུའུ་ཐེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་06ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་མཉམ་ལས་ཀྱི་སྣེ་ཁྲིད་པ་དང་སྤྱི་འདོམས་པུའི་པུའུ་ཀྲང་ལུའུ་ཧུའུ་ཐེ་དང་མཇལ་འཛོམས་གནང་བ་རེད།
     ཧན་ཀྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཙུང་ཐུང་ཙོའུ་ཁོའོ་དང་ལྷན་དུ་གྲུབ་འབྲས་ཐོབ་པའི་ངང་ཕན་ཚུན་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་གཏོད་ཀྱི་ལེའུ་གསར་པ་བརྩམས་གནང་ཡོད། འདི་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་དེ་གོ་སྐབས་སུ་བྱས་ཏེ། གཙོ་བདག་གི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་ཚད་རྟགས་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དཔེ་སྟོན་བཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་བདེ་རྩ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡས་འདི་ལོ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་སླར་ཡང་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     ལུའུ་ཧུའུ་ཐེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡས་རིམས་ནད་འགོག་རྒོལ་བྱ་རྒྱུར་སྒེར་སེམས་མེད་པའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་གཏོད་ཀྱི་དགོངས་པ་གང་ལེགས་མཚོན་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།