འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་བོད་ལྕགས་ལམ་གྱི་གནས་ཚུལ་གསར་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་04ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   གསར་འགོད་པས་ཟླ་4ཚེས་1 ཉིན། ཡུན་ནན་ལྕགས་ལམ་སྡེ་ཁག་ནས་ཤེས་རྟོགས་བྱུང་བར། ཡུན་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོའི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཧ་པ་གངས་རིའི་ཕུག་ལམ་འཛུགས་སྐྲུན་དེ་གདོང་མཆོང་གི་དུས་རིམ་དུ་སླེབས་པ་དང་། འཆར་གཞི་ལྟར་ན། ཡུན་བོད་ལྕགས་ལམ་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་དུམ་བུ་དེ་ད་ལོར་གཉེར་སྐྱོང་བྱ་རྒྱུ་ཡིན་པ་རེད།  དེ་ལས་གཞན། ཉེ་ཆར། ལྕགས་ལམ་གྱི་རྣམ་གྲངས་གལ་ཆེན་ཁག་ཅིག་གི་མཚམས་ཚིགས་རང་བཞིན་ལྡན་པའི་ལས་གྲྭར་ཡང་འཕེལ་རྒྱས་བྱུང་ཡོད།  
   ཡུན་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོའི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ། རིང་ཚད་ལ་སྨི 9523 ཡོད་པའི་ཧ་པ་གངས་རིའི་ཕུག་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་། ཨར་ལས་མི་སྣས་ཆེས་མཐའ་མའི་སྨི་40ལ་གདོང་མཆོང་བྱེད་བཞིན་ཡོད། ཕུག་ལམ་འདི་རྒྱལ་མོ་རྔུལ་ཆུ་དང་ཐག་ཉེ་ཞིང་། ཧ་པ་གངས་རི་བརྒྱུད་ཡོད་པས་ལམ་ཐིག་ཧྲིལ་པོའི་ཤར་བགྲོད་མ་བྱུང་བའི་མཐའ་མའི་ཕུག་ལམ་ཞིག་རེད། བསྐྲུན་ཚར་རྗེས། འདི་ནི་གནའ་མཁར་ལི་ཅིང་དང ཡུས་ལུང་གངས་རི། སྟག་མཆོང་འགག་དང་། སེམས་ཀྱི་ཉི་ཟླ་སོགས་མིང་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་དང་འབྲེལ་ཡོད་པས། “ཆེས་མཛེས་པའི་ལྕགས་ལམ་”ལ་འགྱུར་རྒྱུ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བའི་ནང་དུ་ཚུད་རྒྱུ་རེད། སྐབས་དེར་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་གཅིག་དང་ཕྱེད་ཙམ་ལས་མི་དགོས་ཤིང་། ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་5ཡས་མས་ལས་མི་དགོས། ཡུལ་སྐོར་དུས་ཡུན་ཆེས་ཆེར་ཐུང་དུ་བཏང་ཡོད།