འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་2ཀྱིས་བརྙན་ཕབ་འདི་བཙོངས་པས་བཟུང་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་04ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་དྲ་རྒྱའི་ཐོག་ཆགས་སྲེད་ཀྱི་བརྙན་བརྒྱུད་བཏང་ནས་ཁེ་བཟང་རག་ཐབས་བྱས་པའི་གྱོད་གཞི་ཞིག་བརྡ་ཁྱབ་བཏང་བ་རེད། ཉེས་གསོག་དོགས་ཅན་དེ་གཉིས་ནི་མཛའ་གྲོགས་ཀྱི་འབྲེལ་བ་ཡིན་པ་དང་། ཁོང་གཉིས་ཀྱིས་དྲ་ཐོག་ནས་ཆགས་སྲེད་ཀྱི་བརྙན་ཕབ་104ཉོས་ནས་གཞན་ལ་བཙོངས་ཏེ་ཁེ་བཟང་རག་ཐབས་བྱས་པ་རེད། 
     ཟླ་3པའི་ཚེས་20ཉིན། ཆིན་དབྱང་གྲོང་ཁྱེར་ཧོ་ཧྲུའེ་རྫོང་སྤྱི་བདེ་ཅུད་ཞི་ཧྭ་ཁྲི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལས་ཀ་བྱེད་སྐབས། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཏོན་ཆེ་གེ་མོས་དྲ་ཐོག་ཏུ་ཆགས་སྲེད་ཀྱི་བརྙན་ཕབ་ལོག་འཚོང་རྒྱག་གི་ཡོད་པ་ཤེས་རྗེས། དེའི་ཁྱིམ་དུ་སོང་ནས་ཁོ་བཟུང་བ་རེད། 
     བརྟག་དཔྱད་བྱས་པ་བརྒྱུད། ཏོན་ཆེ་གེ་མོས་དྲ་ཐོག་ནས་ཆགས་སྲེད་ཀྱི་བརྙན་ཕབ་ཁག་104ཉོས་ནས་གཞན་ལ་ལོག་འཚོང་བརྒྱབ་པ་མ་ཟད། ད་དུང་དོན་དེ་དགའ་རོགས་ཀུའུ་ཆེ་གེ་མོར་བཤད། ཀུའུ་ཆེ་གེ་མོས་ཀྱང་བྱེད་སྟངས་དེ་དང་འདྲ་བར་སྤྱི་ཚོགས་འབྲེལ་བའི་མཉེན་ཆས་ཐོག་ཏོན་ཆེ་གེ་མོས་སྤྲད་པའི་ཆགས་སྲེད་ཀྱི་བརྙན་ལོག་འཚོང་བརྒྱབ། ཏོན་ཆེ་གེ་མོས་ངོས་ལེན་ཞུས་པ་ལྟར། གྱོད་དོན་ཐག་གཅོད་མི་དམངས་ཉེན་རྟོག་པས་ཀུའུ་ཆེ་གེ་མོ་བཟུང་བ་རེད། 
     འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཏོན་ཆེ་གེ་མོ་དང་ཀུའུ་ཆེ་གེ་མོ་གཉིས་ཀྱིས་ཆགས་སྲེད་ཀྱི་བརྙན་བརྒྱུད་བཙོངས་ནས་ཁེ་བཟང་རག་ཐབས་བྱས་པའི་དོན་དངོས་ངོས་ལེན་ཞུས་པ་རེད། ད་ཆ། ཉེས་གསོག་དོགས་ཅན་གཉིས་པོར་ཁྲིམས་ལྟར་བཙན་ཤེད་ཀྱི་ཉེས་དོན་བྱ་ཐབས་སྤྱད་པ་དང་། གྱོད་དོན་མུ་མཐུད་ཐག་གཅོད་བཞིན་པའི་སྒང་རེད།