འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྲིད་ཇུས་འདི་2024ལོའི་ལོ་མཇུག་བར་རིང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་03ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་བཅས་ཀྱི་བརྡ་ཐོ།
     མི་སྤྱི་པུའུ་ཡི་〔2023〕ལོའི་ཡིག་ཨང་19པ།
     ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་(ཅུད་)དང་། ནོར་སྲིད་(ནོར་དོན་)ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར་བཅས་ཀྱི་ཁྲལ་དོན་ཅུས་ལ་ཞུ་རྒྱུར།
     ཁེ་ལས་ཀྱི་ཁུར་པོ་སྔར་ལས་ཡང་དུ་གཏོང་བ་དང་། ཁེ་ལས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། ད་ལྟ་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
     གཅིག 2023ལོའི་ཟླ་5ཚེས་1ཉིན་ནས་བཟུང་། དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྲོན་དངུལ་ཚད་གཞི་1%བར་དམའ་རུ་བཏང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། ལག་བསྟར་བྱེད་ཡུན་2024ལོའི་ལོ་མཇུག་བར་རིང་དུ་གཏོང་རྒྱུ་དང་། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)གྱི་སྲིད་འཛིན་ས་ཁོངས་ནང་། སྡེ་ཚན་དང་སྒེར་གྱི་གྲོན་དངུལ་འཇལ་ཚད་གཅིག་གྱུར་བྱ་དགོས་པ་དང་། སྒེར་གྱི་གྲོན་དངུལ་འཇལ་ཚད་དེ་སྡེ་ཚན་གྱི་གྲོན་དངུལ་འཇལ་ཚད་ལས་བརྒལ་མི་ཆོག
     གཉིས། 2023ལོའི་ཟླ་5ཚེས་1ཉིན་ནས་བཟུང་། 《སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ཕྱོགས་བསྡུས་འཆར་གཞི་པར་འགྲེམས་བྱ་རྒྱུའི་བརྡ་ཐོ་》(རྒྱལ་དོན་ཁང་གི་〔2019〕ལོའི་ཡིག་ཨང་13 པ།)འབྲེལ་ཡོད་ལག་བསྟར་ཆ་རྐྱེན་གཞིར་བཟུང་། དུས་མཚམས་རང་བཞིན་གྱི་ལས་རྨས་འགན་བཅོལ་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། ལག་བསྟར་བྱེད་ཡུན་2024ལོའི་ལོ་མཇུག་བར་རིང་དུ་གཏོང་རྒྱུ་རེད།
     གསུམ། ས་གནས་ཁག་གིས་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་ཐེབས་རྩའི་འཁོར་སྐྱོད་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས། འགྲོ་གྲོན་གཅོག་པ་དང་འགན་ལེན་དངུལ་སྤྲོད་བར་གྱི་འབྲེལ་བ་དོ་མཉམ་ཡོང་བར་བྱས་ཏེ། འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་གྱི་འགན་ལེན་བྱེད་དགོས་ལ། ཐོབ་ཐང་དུས་ཐོག་དང་གྲངས་ཚང་སྤྲོད་རྒྱུའི་འགན་ལེན་ཡང་བྱས་ནས། ལམ་ལུགས་འཁོར་རྒྱུག་བདེ་འཇགས་དང་། བརྟན་པོ། རྒྱུན་མཐུད་བཅས་ཡོང་བའི་འགན་ལེན་བྱེད་དགོས།
     བཞི། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་གྲོན་དངུལ་འཇལ་བའི་བསྡུར་ཚད་དང་། གྲོན་དངུལ་འཇལ་བའི་གཞི་གྲངས་སོགས་འབྲེལ་ཡོད་སྲིད་ཇུས་སྔར་ལས་ཚད་ལྡན་བཟོས་ཏེ། གྲོན་དངུལ་འཇལ་བའི་གཞི་གྲངས་དམའ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་སོགས་ཐེབས་རྩའི་ཡོང་འབབ་ཉུང་དུ་གཏོང་བའི་སྲིད་ཇུས་རང་དགར་བཏོན་མི་ཆོག
     ལྔ། ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། ཁྲལ་དོན་སྡེ་ཁག་བཅས་ཀྱིས་གཏན་འབེབས་གཞིར་བཟུང་གྲོན་དངུལ་གཅོག་པའི་ཞིབ་རྩིས་ལས་དོན་སྤེལ་དགོས་པ་མ་ཟད། ཟླ་རེར་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
     ལས་ཤོར་འགན་བཅོལ་དང་། ལས་རྨས་འགན་བཅོལ་གྱི་གྲོན་དངུལ་དུས་མཚམས་ཀྱི་རང་བཞིན་ལྡན་པར་གཅོག་པའི་སྲིད་ཇུས་ཀྱི་རང་བཞིན་ཆེན་པོ་ལྡན་པ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ས་གནས་ཁག་གིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་པའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བ་གཏོང་བ་དང་རྩ་འཛུགས་ཀྱི་ལག་བསྟར་ཞིབ་ཚགས་བྱེད་དགོས། ས་གནས་ཁག་གིས་བརྡ་ཐོ་འདི་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་ལག་བསྟར་བྱེད་རིང་གནད་དོན་འཕྲད་རིགས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་བཅས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་བཅས་ཀྱིས། 
     2023ལོའི་ཟླ་3ཚེས་29ཉིན་ཕབ།