འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་སྐྱིད་གྲོང་འགག་སྒོར་མི་སྣ་འགྲོ་འོང་སླར་གསོ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་03ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་སྐྱིད་གྲོང་འགག་སྒོར་མི་སྣ་འགྲོ་འོང་སླར་གསོ་བྱས།
   ཚེས་1ཉིན། ཀྲུང་གོ་དང་ནེ་པ་ལའི་སྐམ་སའི་ཚོང་འགྲུལ་འགག་སྒོ་ཆེ་ཤོས་གྲས་སྐྱིད་གྲོང་འགག་སྒོ་རུ་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་སླར་གསོ་བྱས་པ་རེད།
   ན་ནིང་ཟླ་12ཚེས་28ཉིན་སྐྱིད་གྲོང་འགག་སྒོ་རུ་ཕྱོགས་གཉིས་པོའི་དངོས་ཟོག་འདྲེན་རྒྱུ་སླར་གསོ་བྱས་པ་དང་རིམ་རྩིས་བརྒྱབ་ན་ནེ་པ་ལར་ཕྱིར་གཏོང་བྱས་པའི་དངོས་ཟོག་ཏུན་ཁྲི་0.98དང་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་4.13ཟིན་པ་དང་ནང་འདྲེན་དངོས་ཟོག་ཏུན་ཁྲི་0.06དང་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་0.17ཟིན་ཡོད་པ་རེད། འགག་སྒོ་སླར་གསོ་བྱས་པ་དང་ཆབས་ཅིག་སྐྱིད་གྲོང་འགག་སྒོའི་འགྲུལ་ཟོག་གཏོང་འདྲེན་གྱི་ནུས་པ་ཁྱོན་ཡོངས་ནས་སླར་གསོ་བྱུང་ཡོད།
   བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གོམ་སྟབས་རྗེས་མར་སྤུ་ཧྲེང་རྫོང་གི་འགག་སྒོར་མི་སྣ་འགྲོ་འོང་དང་འགྲམ་འགག་སྒོའི་ཕྱོགས་གཉིས་པོའི་ཚོང་དོན་རིམ་བཞིན་སླར་གསོ་བྱས་ཏེ་ལེགས་རྩེ་འགག་སྒོའི་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཀྲུང་ནེའི་མཉམ་ལས་ལ་བར་མཐོངས་དང་སྒུལ་ཤུགས་སྔར་ལས་ཆེན་པོ་སྣོན་རྒྱུ་ཡིན་ལུགས་བསྟན།
   2014ལོའི་ཟླ་12པར་སྐྱིད་གྲོང་གི་ཕྱོགས་གཉིས་པོའི་འགག་སྒོ་ཤར་གཏོང་ཐུབ་པ་དང་། 2017ལོར་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོའི་རིམ་པ་སྤར་ནས་ཀྲུང་གོ་དང་ནེ་པ་ལ་ཕུད་པའི་རྒྱལ་ཁབ་གསུམ་པར་སྒོ་མོ་ཕྱེ་ཡོད། 2022ལོའི་ཟླ་3པར་སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་ནས་བོད་ཀྱི་རྒྱལ་ཁབ་རིམ་པའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་པོར་གྱུར་ཡོད།
༄༅།།བོད་ལྗོངས་ཀྱི་སྐྱིད་གྲོང་འགག་སྒོར་མི་སྣ་འགྲོ་འོང་སླར་གསོ་བྱས།
༄༅།།བོད་ལྗོངས་ཀྱི་སྐྱིད་གྲོང་འགག་སྒོར་མི་སྣ་འགྲོ་འོང་སླར་གསོ་བྱས།