འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱང་ཤེལ་འདིས་རྩ་འཕར་བརྟན་སྐར་འཚོལ་ཞིབ་ཐུབ་ཡོད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་31ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱང་ཤེལ་འདིས་རྩ་འཕར་བརྟན་སྐར་འཚོལ་ཞིབ་ཐུབ་ཡོད།
   ཟླ་3ཚེས་30ཉིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་བར་སྟོང་ཚན་རིག་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འདབ་པ་རྫོང་གི་སྒོར་གདུབ་ཉི་མའི་འཕྲོ་གློག་བརྙན་གྲུབ་རྒྱང་ཤེལ(DSRT)མ་ལག་ཚོད་གཏོང་བྱེད་པའི་དུས་མཚམས་སུ། རང་རྒྱལ་གྱིས་འཕྲོ་གློག་བརྙན་རིས་གོ་རིམ་ལ་གཞིགས་པའི་རྩ་འཕར་བརྟན་སྐར་གྱི་འཚོལ་ཞིབ་ཚོད་ལྟ་ཐོག་མ་དེ་བྱས་ནས། རྒྱུན་མཐུད་འཕྲོ་གློག་བརྙན་རིས་ཁྲོད་ནས་རྩ་འཕར་བརྟན་སྐར་དབྱེ་འབྱེད་བྱས་པ་རེད།
   DSRTནི་རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་བཟོ་བྱས་པའི་ཉི་མའི་འཕྲོ་གློག་ལྟ་ཞིབ་ཚད་ལེན་“ཕྱོགས་བསྡུས་ཁུང་ཚངས་པར་ཆས་”ཡིན་པ་དང་། ལས་ཀ་དེ་150-450MHzམཚམས་སུ་བྱེད་ཀྱི་ཡོད། མ་ལག་ལ་ཐུན་མིན་གྱི་སྒོར་གདུབ་གྲམ་པའི་ཆགས་ཚུལ་རྣམ་པ་དང་། ཐོག་མའི་གསར་གཏོད་ཀྱི་རྒྱུ་ལམ་རྐྱང་བ་གདུབ་མང་བལྟོས་མེད་མཚན་གནས་གཏན་འཁེལ་ལག་རྩལ་སྤྱད་ཡོད་པས། སྤུས་ཚད་མཐོ་བའི་སྒོ་ནས་ཉི་མའི་ཐོལ་བྱུང་གི་འགུལ་སྐྱོད་ལ་ལྟ་ཞིབ་བྱས་ཆོག་པ་དང་། བསྟུད་མར་བརྙན་གྲུབ་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱས་ཏེ། ཉི་མའི་དངོས་ལུགས་དང་བར་སྟོང་གནམ་གཤིས་ཞིབ་འཇུག་ལ་རང་བརྟེན་གཞི་གྲངས་འདོན་སྤྲོད་བྱེད་ཐུབ། 
   ཟླ་3ཚེས་28ཉིན། ཐོག་མའི་འདུས་གྲུབ་བྱས་ཚར་བའི་སྡེ་ཚན146གི་གནམ་སྐུད་སྤྱད་དེ། ཀྲུང་གོའི་ཚན་རིག་ཁང་གི་རྒྱལ་ཁབ་བར་སྟོང་ཚན་རིག་ལྟེ་གནས་ཀྱི་ཉི་མའི་འགུལ་སྐྱོད་དང་བར་སྟོང་གནམ་གཤིས་གཙོ་གནད་ཚོད་ལྟ་ཁང་གི་འཕྲོ་ཟློས་འཚོལ་ཞིབ་ཚད་ལེན་ཞིབ་འཇུག་ཚོགས་པའི་ཞིབ་འཇུག་པ་གཞོན་པ་ཝུའུ་ལིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་རྩ་འཕར་རྒྱུ་སྐར་ལ་ལྟ་ཞིབ་ཚད་ལེན་བྱས་ཤིང་། རྒྱུན་མཐུད་འཕྲོ་གློག་བརྙན་རིས་ཀྱི་རིམ་སྟར་ཐོབ་པ་དང་། རྩ་འཕར་བརྟན་སྐར་J0332+5434བརྙན་རིས་ཁྲོད་འོད་འཚེར་བ་དབྱེ་འབྱེད་ཐུབ། རྩ་འཕར་བརྟན་སྐར་གྱི་གནས་ཐིག་གཏན་འཁེལ་གྱི་ཞིབ་ཚད་ཟུར་1.8ལ་སླེབས་པ། DSRTཡིས་རྩ་འཕར་བརྟན་སྐར་ལ་འཚོལ་ཞིབ་བྱེད་པའི་ནུས་པར་ཚོད་ལྟས་ར་སྤྲོད་རགས་ཙམ་ཐུབ་ནས་DSRTཡི་ཉེར་སྤྱོད་རྒྱ་བསྐྱེད་པར་རྨང་གཞི་བཏིང་ཡོད།
༄༅།།རྒྱང་ཤེལ་འདིས་རྩ་འཕར་བརྟན་སྐར་འཚོལ་ཞིབ་ཐུབ་ཡོད།