འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱིས་དམངས་ཁྲོད་ཉར་ཚགས་རིག་དངོས་ཀྱི་སྤྱི་ཕན་དཔྱད་འདོམས་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་31ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་རིག་དངོས་ཅུས་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་། དམངས་ཁྲོད་ཉར་ཚགས་བྱེད་སྒོར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་ཚད་ལྡན་དུ་གཏོང་བ། རིག་དངོས་ཉར་ཚགས་དང་གཟིགས་དཔྱད་ཤེས་བྱ་ཁྱབ་གདལ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བཅས་བྱ་ཆེད། བོད་ལྗོངས་རིག་དངོས་དཔྱད་འདོམས་ལྟེ་གནས་ཀྱིས་སྤྱི་ཚོགས་ལ་ཕྱོགས་ནས་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་གྱི་དམངས་ཁྲོད་ཉར་ཚགས་རིག་དངོས་ཀྱི་སྤྱི་ཕན་དཔྱད་འདོམས་དང་བློ་འདྲིའི་བྱེད་སྒོ་སྤེལ་རྒྱུ་རེད།
     དཔྱད་འདོམས་བྱེད་སྒོ་དེ་ཟླ་6ཚེས་10ཉིན(ལོ་ལྟར་གྱི་ཟླ་6པའི་གཟའ་འཁོར་གཉིས་པའི་རེ་གཟའ་སྤེན་པ་ནི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན)གྱི་ཆུ་ཚོད་10དང་སྐར་མ་30ནས་ཆུ་ཚོད་12དང་སྐར་མ་30བར་སྤེལ་རྒྱུ་རེད། བྱེད་སྒོ་སྤེལ་ཡུལ་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཡིན། བློ་འདྲི་བྱེད་མཁན་གྱིས་ངེས་པར་དུ་ཁ་པར་ནས་སྔོན་མངགས་བྱེད་དགོས་པ་མ་ཟད། རང་ཉིད་ཀྱིས《དཔྱད་བྱའི་ཉར་ཚགས་དངོས་རྫས་ཀྱི་བདག་པོ་དང་དེ་བཞིན་ཉར་ཚགས་དངོས་རྫས་ཀྱི་ཆ་འཕྲིན་ཐོ་འགོད་རེའུ་མིག》ཕབ་ལེན་བྱས་ནས་དཔྱད་འདོམས་ལ་སྐྱེལ་མཁན་དང་དེས་བསྐྱལ་བའི་དངོས་རྫས་ཀྱི་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱེད་དགོས་པ་དངxzwwjdzxgyjd@163.comདྲ་སྒམ་ནང་སྐུར་དགོས། ད་ཐེངས་བྱེད་སྒོའི་སྔོན་མངགས་མི་གྲངས་ཀྱི་ཚད་གཞི་ནི་མི་10(མི་10ཚུད་པ)ཡིན་པས་གྲངས་ཚད་ལོན་རྗེས་སྔོན་མངགས་དང་ལེན་བྱེད་ཀྱི་མིན། མི་རེས་ཐེངས་རེར་དངོས་རྫས་2ལས་སྐྱེལ་མི་ཆོག འབྲེལ་གཏུག་མི་སྣ་ནི་ཚེ་རིང་ཉི་མ་དང་འབྲེལ་གཏུག་ཁ་པར་ནི་17711993256ཡིན།
     དཔྱད་འདོམས་དང་བློ་འདྲིའི་ཁྱབ་ཁོངས་ནི་དམངས་ཁྲོད་དུ་རིམ་བཞིན་དར་ཁྱབ་སོང་བའི་རིག་དངོས་དང་དམངས་ཁྲོད་དུ་ཁྲིམས་མཐུན་ངང་ཉར་ཚགས་བྱས་པའི་རིག་དངོས་ཡིན་དགོས་ལ། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་རིག་དངོས་སྒྱུ་རྩལ་དངོས་རྫས་ཡིན་དགོས།
     བྱེད་སྒོ་སྤེལ་བའི་ཉིན་དེར་དཔྱད་འདོམས་ལ་སྐྱེལ་མཁན་གྱིས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ས་ཆ་དངོས་སུ་འབྱོར་ཐོ་འགོད་པ་དང་སྦྲགས། མཁོ་འདོན་བྱས་པའི་ཆ་འཕྲིན་ལ་ཞིབ་བསྡུར་བྱེད་དགོས་པ་དང་། དེ་ནས་སྤ་སེ་ལེན་པ་དང་ཆབས་ཅིག 《བོད་ལྗོངས་རིག་དངོས་དཔྱད་འདོམས་ལྟེ་གནས་དམངས་ཁྲོད་ཉར་ཚགས་རིག་དངོས་དཔྱད་འདོམས་དང་བློ་འདྲི་འདུན་ཞུ་བྱེད་མཁན་གྱི་ཁས་ལེན་ཡི་གེར》མིང་རྟགས་འགོད་དགོས། དེ་རྗེས་དཔྱད་འདོམས་ལ་སྐྱེལ་མཁན་གྱི་མོས་མཐུན་ཐོབ་དགོས་པ་དང་དེའི་ཐོག་མིང་རྟགས་འགོད་དགོས། འགྲོ་ལུགས་དེ་དག་བརྒྱུད་རྗེས་གཞི་ནས་དཔྱད་འདོམས་བྱེད་ཆོག རིགས་གཅིག་མཁས་ཅན་གྱིས་ས་ཆ་དངོས་སུ་དཔྱད་འདོམས་བྱས་ནས་ངག་ཐོག་ནས་བསམ་འཆར(མིང་དང་དུས་རབས་སོགས་ཀྱི་ཆ་འཕྲིན་ཚུད་པ)འདོན་གྱི་ཡོད། བསམ་འཆར་འདི་ནི་དཔྱད་གཞིར་འཛིན་ས་ཙམ་ཡིན། རིག་དངོས་དཔྱད་འདོམས་ལས་དོན་གྱི་དམིགས་བསལ་རང་བཞིན་ལ་དམིགས་ནས་ས་ཆ་དངོས་སུ་བསམ་འཆར་འདོན་མ་ཐུབ་ཚེ། ལྟེ་གནས་ཀྱིས་ལས་སྒྲུབ་ཉིན་10ཡི་ནང་ཚུན་དུ་དཔྱད་འདོམས་ལ་སྐྱེལ་མཁན་ཚོར་ལན་ཡོད་པ་བྱེད་རྒྱུ་རེད།