འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉིང་ཞ་ལིང་ཝུའུ་ཡིས་བརྡ་ཁྱབ་བཏང་དོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་31ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིང་ཞ་ལིང་ཝུའུ་ཡིས་བརྡ་ཁྱབ་བཏང་དོན།
   “མཛེས་སྡུག་ལྡན་པའི་ལིང་ཝུའུ་”ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་རང་འགུལ་ངང་འགན་འཁུར་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་བླང་བྱ་ལྟར་ལིང་ཝུའུ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ཁབ་ནུས་ཁུངས་ཚོགས་པའི་ཁོངས་ཉིང་ཞའི་རྡོ་སོལ་ལས་རིགས་ཀུང་སིའི་ཧྲོང་མ་གཏེར་ལས་དང་སུང་ཆེ་གེ་མོའི་བར་ཤིང་བཙུགས་གསར་པ་དང་ཤིང་སོན་ལ་ཆུ་མཁོ་འདོན་གྱི་རྩོད་གཞིའི་ཐད། སྲུང་སྐྱོང་གི་བྱེད་ཐབས་ནུས་ལྡན་སྤྱད་ཡོད།
   གཅིག་ནས། སུང་ཆེ་གེ་མོས་ཉེ་དུས་བཏབ་པའི་སྲིང་བལ་མུའུ་890ལ་སྲུང་སྐྱོང་བྱེད་ཐབས་ནུས་ལྡན་སྤྱད་དེ། མ་ཅ་ཐན་གྲོང་རྡལ་གྱིས་ཆུ་འདྲེན་འཁོར་ལོས་ཆུ་འདྲེན་རྒྱུའི་བཀོད་སྒྲིག་བྱས་ཡོད། འདེབས་རྒྱུར་ལུས་པའི་སྲིང་བལ་སྡོང་པོ་1000ལྷག་ཙམ་ལ་སྲུང་སྐྱོང་གི་བྱེད་ཐབས་ཕན་ནུས་ལྡན་པར་སྤྱད་པ་དང་། 
ཆུ་འདོན་རྩོད་གཞི་ཐག་གཅོད་བྱེད་རིང་། ཆུ་དཀོན་པའི་རྐྱེན་གྱིས་སྡོང་ཕྲུག་སྐམ་པོར་འགྱུར་བའི་གནས་ཚུལ་མི་ཡོང་བ་ཅི་ཐུབ་བྱས་ཡོད། 
   གཉིས་ནས་རང་བྱུང་ཐོན་ཁུངས་སྡེ་ཁག་དང་མཱ་ཅ་ཐན་གྲོང་རྡལ་གྱིས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ། སྔར་བཞིན་འདེབས་རྒྱུར་ལུས་པའི་ལྕང་མ་དང་ལྕང་མའི་ཡལ་གར་ལག་རྩལ་ཐོག་ནས་སྲུང་སྐྱོང་བྱེད་ཐབས་སྤྱད་ཡོད།
   གྲོང་ཁྱེར་ཝུའུ་ཝུའུ་ཡིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་ཁོར་ཡུག་ལ་སྦགས་བཙོག་གི་ཞོར་ཐོན་གནས་ཚུལ་མི་འབྱུང་བའི་སྔོན་འགོག་ཀྱང་བྱས་པ་རེད། 
༄༅།།ཉིང་ཞ་ལིང་ཝུའུ་ཡིས་བརྡ་ཁྱབ་བཏང་དོན།
༄༅།།ཉིང་ཞ་ལིང་ཝུའུ་ཡིས་བརྡ་ཁྱབ་བཏང་དོན།