འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་ལོ་ཀན་སུའུ་ཡིས་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་དུད་ཚང་ཁྲི་4གནས་སྤོ་
བྱ་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་31ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་2023ལོའི་ལོ་འཁོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་2023ལོའི་ཞིང་ཆེན་དེ་ཡོངས་ཀྱི་གནས་སྤོའི་ལས་འགན་དུད་ཚང་ཁྲི་4ཡི་མི་152286ཟིན་པ་དེའི་ནང་2022ལོར་གནོད་འཚེས་རྐྱེན་པས་གསར་འཕར་དང“སྔོན་ལ་ལག་བསྟར་དང་སྔོན་ལ་སྒྲུབ་པའི”དུད་ཚང་ཁྲི་1གཏན་འཁེལ་བྱས་པ་རེད།
   《ཇུས་གཞིའི》ནང་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་དེ“བདེ་འཇགས་སར་སྤོ་བ”དང“སྤོ་དགོས་རིགས་སྔ་ཙམ་སྤོ་བ་དང་སྤོ་དགོས་རིགས་སྤོ་བར”དམིགས་ཏེ། གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་དང་། དུད་ཚང་གིས་གྲོང་ཚོའི་སྣེ་ཁྲིད་པ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་གྲོང་ཚོ་ཧྲིལ་པོ་དང་། ཚོགས་ཆུང་ཧྲིལ་པོ(སྡེ་ཁུལ) རི་གྲོང་ཧྲིལ་པོ། གྲོག་རོང་ཧྲིལ་པོ་བཅས་གནས་སྤོ་བྱ་རྒྱུར་སྐུལ་ལྕག་བཏང་ནས་ས་གཤིས་གནོད་འཚེའི་ཉེན་ཁ་ཚབས་ཆེ་བའི་གནས་སྤོ་བྱེད་མཁན་ཚོ་སྔོན་ལ་གནས་སྤོའི་འཆར་གཞིའི་ནང་བཅུག་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་ཕན་འབྲས་ཆེན་པོ་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
    ཐོག་མའི་བརྟག་དཔྱད་བསྡོམས་རྩིས་ལ་གཞིགས་ན། 2023ལོར་ཀན་སུའུ་ཡིས་དུད་ཚང་24024གཅིག་སྡུད་བཀོད་སྒྲིག་བྱེད་དགོས་པ་དེས་63.2%བཟུང་བ་དང་། སྡོད་ཁང་ཉོས་ནས་དུད་ཚང་11096བཀོད་སྒྲིག་བྱས་པ་དེས་བསྡུར་གྲངས་ཀྱི་29.2%བཟུང་བ། རང་བསྐྲུན་སྡོད་ཁང་ལ་དུད་ཚང་2880བཀོད་སྒྲིག་བྱས་པ་དེས་7.6%བཟུང་ཡོད། “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། འཚོ་བ་ཡག་པོ་སྐྱེལ་ཐུབ་པ། མཉམ་འདྲེས་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། གནས་སྤོས་དུད་ཚང་རེར་ནོར་སྲིད་ནས་སྒོར་ཁྲི་10སྤྲད་པ་དང་ཆབས་ཅིག་དངུལ་བུན་གཡར་འདོད་ཡོད་པའི་གནས་སྤོའི་དུད་ཚང་ལ་དུད་ཚང་རེར་སྒོར་ཁྲི་5ལས་མི་བརྒལ་བའི་སྐྱེད་གསབ་དངུལ་བུན་གཏོང་རྒྱུ་དང་དངུལ་བུན་གྱི་སྐྱེད་ཀ་ནོར་སྲིད་ནས་སྤྲོད་རྒྱུ་མ་ཟད། དུས་བཀག་ལོ་5ཡིན་པ་རེད།