འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཧོང་དབྱང་ཆུ་འཐེན་ནུས་གསོག་གློག་ཁང་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་31ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   རྨ་ནུབ་དོག་ལམ་གྱི་ནུས་རྒྱུ་གཙང་མའི་རྟེན་གཞིར་འདེགས་སྐྱོར་གལ་ཆེན་མཁོ་འདོན་ཐུབ་རྒྱུ་ཡིན་པ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན། ཀྲུང་གོ་འབྲི་ཆུ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་གསར་སྤེལ་འཛུགས་སྐྲུན་བྱས་པའི་ཀན་སུའུ་ཧོང་དབྱང་ཆུ་འཐེན་ནུས་གསོག་གློག་ཁང་དངོས་སུ་ལས་འགོ་ཚུགས་པ་རེད། རྣམ་གྲངས་དེ་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ཧོང་དབྱང་གཙང་པོའི་རོང་ཆེན་དུ་གནས་པ་དང་དེ་ནི་རྨ་ནུབ་དོག་ལམ་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད།
   ཀན་སུའུ་ཧོང་དབྱང་ཆུ་འཐེན་ནུས་གསོག་གློག་ཁང་ལ་འཕྲུལ་འཁོར་གཅིག་ནས་གློག་འདོན་ཚད་ཆན་ཝ་ཁྲི་35ཟིན་པའི་ལྡོག་འགྱུར་རྣམ་པའི་ཆུ་འཐེན་ཆུ་འཁོར་འཕྲུལ་ཚན་པ་4སྒྲིག་སྦྱོར་བྱ་རྩིས་ཡོད་པ་དང་། གཏན་འཁེལ་བྱས་པའི་ཆུ་སྣ་སྨི་478ཡིན་པ། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་140ཡིན་པ། ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་16ལ་ཇུས་འགོད་བྱས་པ། ལོར་ཆུ་འཐེན་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་21.33ཡིན་པ། གློག་ཁང་གི་ལྟེ་བའི་ལས་གྲྭ་དེ་གཙོ་བོ་སྟོད་ཀྱི་ཆུ་མཛོད་དང་། ཆུ་འདྲེན་མ་ལག ས་འོག་བཟོ་ཁང་མ་ལག སྨད་ཀྱི་ཆུ་མཛོད་དང་ས་ངོས་གློག་སྒོ་སོགས་ལས་གྲུབ་པ་དང་སྔོན་དཔག་བྱས་ན་2030ལོར་འཕྲུལ་ཚན་ཚང་མ་སྤྱོད་འགོ་ཚུགས་ཏེ་གློག་གཏོང་ཐུབ་པ་བྱ་རྒྱུ་རེད།