འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུས་དང་ལེན་བྱེད་མི་ཐུབ་ཟེར། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་28ཉིན། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས། ཨུ་རུ་སུ་དང་བྷེ་ཨུ་རུ་སུར་བཀག་སྡོམ་མུ་མཐུད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། བཀག་སྡོམ་བྱ་ཐབས་ནང་། ཨུ་རུ་སུ་དང་བྷེ་ཨུ་རུ་སུར་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་མི་གཉེར་བ་དང་། རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་གང་རུང་ནང་ཨུ་རུ་སུ་དང་བྷེ་ཨུ་རུ་སུའི་རྒྱལ་དར་དང་རྒྱལ་གླུ་སོགས་རྒྱལ་ཁབ་ཀྱི་མཚོན་རྟགས་སྟོན་པའམ་གཏོང་མི་ཆོག རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་དེ་དང་ཆབས་ཅིག་ཨུ་རུ་སུ་དང་བྷེ་ཨུ་རུ་སུའི་ལུས་རྩལ་པ་མིག་སྔའི་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ནང་ཞུགས་རྒྱུའི་ཐད་གྲོས་འགོ་མང་པོ་བཏོན་ཏེ། ཨུ་རུ་སུའམ་ཡང་ན་བྷེ་ཨུ་རུ་སུའི་ལམ་ཡིག་ཡོད་པའི་ལུས་རྩལ་པས་བར་གནས་ལུས་རྩལ་པ་མི་སྒེར་གྱི་མིང་ཐོག་ནས་འགྲན་བསྡུར་ནང་ཞུགས་དགོས་པའི་བླང་བྱ་བཏོན་པ་རེད།   
   ཨུ་རུ་སུའི་ཨོ་ལིན་ཕིག་ཨུ་ལྷན་གྱིས་གསལ་བསྒྲགས་སྤེལ་ནས། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་གྱིས་བཏོན་པའི་འབྲེལ་ཡོད་ཨུ་རུ་སུའི་ལུས་རྩལ་པ་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་རྒྱུའི་ཚོད་འཛིན་དང་ལེན་བྱེད་མི་ཐུབ་ཅེས་བཤད་པ་རེད། ཨུ་རུ་སུའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་བར་གནས་ཀྱི་ཐོབ་ཐང་ཐོག་ནས། འགྲན་བསྡུར་ནང་ཞུགས་པ་ནི་རྒྱལ་ཁབ་ལ་མཐོང་ཆུང་བྱས་པ་ངོ་མ་ཡིན་པ་དང་། ཨུ་རུ་སུའི་ཨོ་ལིན་ཕིག་ཨུ་ལྷན་གྱིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་དང་མུ་མཐུད་འབྲེལ་གཏུག་བྱས་ནས། རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཁག་གིས་ཨུ་རུ་སུའི་ལུས་རྩལ་པ་འགྲན་བསྡུར་ནང་ཞུགས་རྒྱུ་དང་ལེན་བྱེད་པའི་ཐད་ལ་དོ་ཁུར་བྱེད་རྒྱུ་ཡིན་ཞེས་ནན་བཤད་བྱས།