འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྨན་འདི་དག་གི་རིན་གོང་གཅོག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་29ཉིན། རྒྱལ་ཁབ་ཀྱིས་སྨན་རྫས་ཁག་བརྒྱད་པ་གཅིག་གྱུར་འཚོལ་བསྡུའི་སྒྲིག་འཛུགས་བྱེད་འགོ་ཧའེ་ནན་ལིང་ཧྲུའེ་རུ་ཚུགས་ཤིང་། ད་ཐེངས་ཀྱི་གཅིག་གྱུར་འཚོལ་བསྡུའི་ནང་སྣ་ཁ་རིགས་39ཡོད་ཅིང་། དེ་དག་འགོས་ནད་འགོག་སྨན་དང་། སྙིང་ཀླད་ཁྲག་རྩའི་ནད་རིགས། ཚོར་ཐལ་འགོག་པ། སེམས་ཁམས་ཀྱི་ནད་གཞི་སོགས་རྒྱུན་མཐོང་ནད་དང་། རྒྱུན་ནད་ལ་སྤྱོད་པའི་སྨན་སོགས་ཚུད་ཡོད། དེའི་ནང་མཆིན་རྒྱུའི་སྨན་རྫས་རིགས་རྒྱལ་ཁབ་ཀྱི་གཅིག་གྱུར་འཚོལ་བསྡུའི་ནང་ཐོག་མར་བསྡུ་ལེན་བྱས་པ་རེད། 
     ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་ནང་ཐོན་རྫས་252འདེམས་རྩིས་ཡོད་པ་དང་། དེའི་ནང་ནས་འདེམས་རྩིས་ཡོད་པའི་ཐོན་རྫས་ཀྱི་རིན་གོང་ཆ་སྙོམས་56%བཅག་ཡོད་པ་རེད། ཁ་ཆད་ཀྱི་ཉོ་སྒྲུབ་བྱེད་ཚད་ལྟར་ཚོད་རྩིས་བྱས་པར་གཞིགས་ན། ལོ་རེར་ཧ་ལམ་འགྲོ་གྲོན་སྒོར་དུང་ཕྱུར་167གྲོན་ཆུང་ཐུབ་རྒྱུ་དང་། འདེམས་རྩིས་ཡོད་པའི་ཐོན་རྫས་ཡོངས་བསྒྲགས་བྱས་རྗེས་དངོས་སུ་བདམས་འབྲས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་བཙུགས་པ་ནས་བཟུང་། རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་གྱུར་ཐོག་འཚོལ་བསྡུའི་སྒྲིག་འཛུགས་ཁག་8པ་བྱས་ནས་སྨན་རྫས་རིགས་33དེའི་ནང་བཅུག་པ་རེད།