འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་ཐའེ་ཝན་པ་ཡོངས་ལ་མེ་མདའ་AK47གང་བྱུང་སྤྱོད་དུ་འཇུག་པར་ལན་བསློགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་3པའི་ཚེས་29 ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། གསར་འགོད་པས། ཉེ་དུས་ཨ་རིར་ཐའེ་ཝན་རྩ་མེད་དུ་གཏོང་བའི་འཆར་གཞི་ཡོད་ལུགས་བཤད་ཅིང་། དེ་སྔ་“ཐའེ་ཝན་གྱི་འདུས་གྲུབ་གློག་ལམ་ཀུང་སི་གཏོར་རྒྱུའི་”གཏམ་གླེང་མཁན་ཨ་རིའི་དེ་སྔའི་དཔོན་རིགས་ཉེ་དུས་ཐའེ་ཝན་དུ་ངནའབྲེལ་བྱེད་པར་ཡོང་སྐབས་སུ་སླར་“ཐའེ་ཝན་པ་ཡོངས་ལ་མེ་མདའ་AK47གང་བྱུང་སྤྱོད་དུ་འཇུག་རྒྱུའི་”ངན་སྐུལ་བྱས། གླིང་ཕྲན་དུ་“ཨ་རིར་དོགས་ཡོད་སྨྲ་བའི་” དམངས་ཁྲོད་དུ་བརྟག་དཔྱད་བྱས་པ་ལས། ཐའེ་ཝན་དྲ་དམངས་" 85% ཡིས་ཨ་རིར་“ཐའེ་ཝན་རྩ་མེད་དུ་གཏོང་བའི་འཆར་གཞི་”ཡོད་པར་མ་ཟད། སྔ་མོ་ནས་ལག་བསྟར་བྱེད་བཞིན་ཡོད་པ་གསལ། དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས། “མི་འགས་རྐང་བཙུགས་ནས་ཨ་རིར་དོགས་ཟ་སྨྲ་བ་དང་། ཨ་རིར་ངོ་རྒོལ་སྨྲ་བ། ”“སྐམ་ས་ཆེན་མོར་གཞོགས་འདེགས་བྱས་ནས་དམག་འཁྲུག་ངོས་འཛིན་བྱས་ཏེ་”ཐའེ་ཝན་དང་ཨ་རིའི་འབྲེལ་བ་གཏོར་བརླག་གཏོང་བ་རེད་ཅེས་ཟེར་བ་དེར་དཔྱད་གཏམ་གང་ཞིག་སྤེལ་རྒྱུུ་ཡོད་དམ་ཞེས་དྲིས། 
   གཏམ་བརྗོད་པ་ཀྲུའུ་ཧྥེང་ལན་གྱིས། ཁྱེད་ཀྱིས་ཟེར་བའི་དམངས་ཁྲོད་བརྟག་དཔྱད་དེའི་ཐོག་ནས། ཨ་རིས་“ཐའེ་ཝན་རོལ་རྩེད་དུ་བྱེད་པར་”རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པས་དོགས་འདྲི་བྱེད་པ་ནི་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་ལ་སེམས་ཁུར་བྱེད་པ་མཚོན་ཡོད། དུས་ཡུན་རིང་པོའི་ནང་། ཀྲུང་གོར་རྒོལ་བའི་ཨ་རིའི་སྟོབས་ཤུགས་ཀྱིས་རང་ངོས་ཀྱི་ཁེ་ཕན་ཆེད་དུ། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ཉེན་མཆོང་འཁྲུག་རྐྱེན་སློང་རིགས་རྒྱ་ཡན་དུ་གཏོང་བཅུག་ནས། ཐའེ་ཝན་མཚོ་འགག་གི་ཛ་དྲག་ཆེ་བའི་གནས་བབ་ཇེ་སྡུག་ཏུ་གཏོང་བའི་དམིགས་ཡུལ་ནི་ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལ་ཚོད་འཛིན་དང་། ཀྲུང་གོའི་ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཐའེ་ཝན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་འགོག་རྐྱེན་བཟོས་ནས་ཐའེ་ཝན་གཏོར་བའི་ཆེད་དུ་རེད། 
    ཨ་རིས་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་འཛམ་གླིང་གི་ས་ཆ་ཁག་དཀྲུག་པ་དང་། ཁ་ཕྲལ་གྱི་གདོང་གཏུག་བཟོ་བ། དྲག་ཤུགས་གང་བྱུང་དུ་སྤྱོད་པ་བཅས་ཀྱི་དོན་དངོས་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཤེས་གསལ་རེད། ཨ་རིས་དབྱི་རག་དང་། ཨ་ཧྥུ་ཀ་ནི་སི་ཐན། ལི་པི་ཡཱ་སོགས་རྒྱལ་ཁབ་ཏུ་དམག་དོན་བྱ་སྤྱོད་སྤེལ་ནས།  མི་ཆོས་རིང་ལུགས་ཀྱི་སྐྱོ་གར་གྲངས་ལས་འདས་པ་ཞིག་བསྟན་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་ནས་ཐོར་ཞིག་ཏུ་སོང་འཕྲལ་ཕྱིར་འཐེན་བྱེད་རྐྱང་བྱས་ནས། རྒྱ་འུབས་མི་འདུས་པའི་རིགས་གཞན་ལ་སྤྲོད་འཇོག་བྱེད་རྐྱང་བྱས་པས། རྒྱལ་ཁ་ཆེ་ཤོས་ཐོབ་མཁན་སྐབས་བསྟུན་ཁེ་གཉེར་པར་གྱུར་པ་འདི་ནི་“ཨ་རི་སྔོན་ལ་འཇོག་པ་”ཟེར་བ་དེ་རེད། དོན་དངོས་ལས་ཨ་རིས་གང་དུ་ཟིང་བསླངས་ན་དེ་གའི་མི་དམངས་ལ་ཆག་སྒོ་ཡོང་ངེས་པ་ར་འཕྲོད་གསལ་པོ་བྱུང་ཡོད་ཅེས་ཟེར།