འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི”མུ་འབྲེལ་བརྙན་ཐུང་《གསར་བརྗེའི་དྲན་འཆར》ལེའུ་བཞི་པ། གཉལ་སྨད་ཤང་གི་བསྟོད་གླུ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 


     དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། རིག་འཛིན་དབང་རྒྱལ་ནི་གཉལ་སྨད་ཤང་གི་ཞིང་བྲན་བདག་པོའི་བྲན་གཡོག་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རིག་འཛིན་དབང་རྒྱལ་གཟི་བརྗིད་ངང་ཏང་ནང་ཞུགས་པ་རེད། 
     1966ལོར་རིག་འཛིན་དབང་རྒྱལ་གྱིས་གཉལ་སྨད་མང་ཚོགས་ཀྱི་སྣེ་ཁྲིད་དེ། ས་བབ་མཐོ་ཚད་སྨི་4200ཟིན་པའི་ས་རྒོད་ཞིང་སར་བསྒྱུར་ནས་མིང་ལ“གསར་བརྗེའི་ཐང”ཞེས་བཏགས། “གནམ་དང་འཐབ་པ། ས་དང་འཐབ་པའི་གསར་བརྗེའི་སྙིང་སྟོབས”ལ་བརྟེན་ནས། གཉལ་སྨད་ནི་སྐབས་དེའི་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་རྒྱ་ཁྱབ་ངང་སློབ་སྦྱོང་བྱེད་པའི་དཔེ་མཚོན་དུ་གྱུར། “རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། དཀའ་ངལ་ཁྲི་ཕྲག་སེལ་བ། སྒུག་རྟེན་མི་བྱེད་པ”བཅས་ཀྱི་སྙིང་སྟོབས་ནི་གཉལ་སྨད་དུ་གཅིག་རྒྱུད་གཅིག་འཛིན་ཐུབ་ཡོད།