འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི”མུ་འབྲེལ་བརྙན་ཐུང་《གསར་བརྗེའི་དྲན་འཆར》ལེའུ་གསུམ་པ། གླ་ཚེར་གྱི་ངོ་མཚར་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

   
     དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུ་པར་ལྷུན་རྩེ་ལུང་པ་རུ་བྱེ་རླུང་འཚུབ་ནས་བྱེ་མའི་གནོད་འཚེ་ཚབས་ཆེན་ཐེབས་ཡོད།
     ཞིང་བྲན་བདག་པོས་ལག་པ་གཅིག་ལ་རྨས་སྐྱོན་བཏང་བའི་ལྷ་འཛོམས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་ཐག་ཆོད་པོས་དཀའ་ཚེགས་ཆེ་བའི“བྱེ་འགོག་ལས་འགུལ”སྤེལ་འགོ་ཚུགས། ཕྱིས་སུ“གླ་ཚེར་རྨོ་བོ”བསམ་གཏན་དང་མང་མཚོ་གྲོང་ཚོའི་གྲོང་མི་རང་འགུལ་ངང་ཞུགས་ནས་བྱེ་བཅོས་རྒྱུན་མཐུད་བྱས་པ་རེད། རིང་ཚད་སྤྱི་ལེ་40ལྷག་ཙམ་ཡོད་པ་དང་ས་ཆ་མུའུ་ཁྲི་7.5བཟུང་བའི་གླ་ཚེར་ནགས་ཚལ་གྱིས་ལྷུན་རྩེ་ལུང་པ་ལྗང་མདོག་ཏུ་བསྒྱུར་བ་དང་། མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པའི་ལྷུན་རྩེ་ལུང་པ་དང་མཉམ་དུ་ཁྱིམ་གཞིས་གསོ་སྐྱོང་བྱས།