འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2022ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་དེ་ཉིན་བོད་ཀྱི་བདམས་ཐོན་པ་སྐལ་བཟང་ཕུན་ཚོགས་དང་རྒྱུག་རྟ་བཅིངས་འགྲོལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་ལ་ཞུགས་བཞིན་པ།
འདི་ནི་དེ་ཉིན་བོད་ཀྱི་བདམས་ཐོན་པ་སྐལ་བཟང་ཕུན་ཚོགས་དང་རྒྱུག་རྟ་བཅིངས་འགྲོལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་ལ་ཞུགས་བཞིན་པ།
     ཟླ་3ཚེས་27ཉིན་དུས་ཐོག་ཏུ་གཉེར་མ་ཐུབ་པའི་2022ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་དེ་ཧྲའན་ཤིས་ཞིང་ཆེན་ཤིས་ཤན་ཁུལ་གསར་ཆིན་ཧན་རྒྱལ་སྤྱིའི་རྟ་རྩལ་ལྟེ་གནས་སུ་མཇུག་འགྲིལ་བ་རེད། དུས་ཡུན་ཉིན་གསུམ་འགྲན་བསྡུར་བྱས་པ་བརྒྱུད་ཀོང་ཏུང་རུ་ཁག་གི་བདམས་ཐོན་པ་ཆའོ་ལུན་པ་ཐེ་དང་རྒྱུག་རྟ་ཨེན་ཧོ་ཡིས་སྤྱིའི་ཆད་གཅོད་སྐར་གྲངས་30.5ཡི་ཐོག་ནས་མི་སྒེར་གྱི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། བོད་ཀྱི་རུ་ཁག་གིས་སྤྱིའི་ཆད་གཅོད་སྐར་གྲངས་104.60གྱི་གྲུབ་འབྲས་ཐོག་ནས་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཡོད།