འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་དྲ་ཐོག་དང་དྲ་མིན་ལ་ལྟ་འདོམས་བྱས་ནས་འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས“ཁྲོམ་ར་ཆེན་པོ་དང་། སྤུས་ཚད་ཆེན་པོ། ལྟ་འདོམས་ཆེན་པོ”བཅས་ལ་དམིགས་ནས། མང་ཚོགས་ཀྱི་འཛད་སྤྱོད་ཐད་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམ་པོར་གཞིགས་ཏེ། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་དང་། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་དང་བློས་འགེལ་ཆོག་པའི་འཛད་སྤྱོད་ཁོར་ཡུག་ཧུར་ཐག་བཏོད་ཡོད།
     ཁྲོམ་ར་ལྟ་འདོམས་ལས་དོན་ནི་བཟའ་བཅའི་བདེ་འཇགས་དང་། སྨན་རྫས་ཀྱི་བདེ་འཇགས། ཐོན་རྫས་ཀྱི་སྤུས་ཚད། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་སོགས་དང་འབྲེལ་བ་ཡོད་པས་མི་དམངས་མང་ཚོགས་ཀྱི་རེ་སྒུག་བྱེད་ཚད་དང་དོ་ཁུར་བྱེད་ཚད་ཧ་ཅང་མཐོ་པོ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་པའི“མཉམ་སྐྲུན་དང་། མཉམ་བཅོས། མཉམ་འདོམས། མཉམ་སྤྱོད”བཅས་ཀྱི་རྣམ་པ་ཧུར་ཐག་བཏོད་ནས། དྲ་ཐོག་དང་དྲ་མིན་གྱི་ལྟ་འདོམས་ལ་སྤྱི་འདོམས་དང་འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་བཏོད་ཡོད། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“མིང་ཐོ་ནག་པོའི”ནང་གི་ཡིད་རྟོན་ཤོར་མཁན་ལ་ཡིད་རྟོན་མཉམ་འབྲེལ་གྱི་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ་དང་། བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་དང་སྨན་བཅོས་ཀྱི་རིན་གོང་དང་སྨན་རྫས་མཁོ་སྤྲོད་འགན་ལེན་གྱི་ཆ་འཕྲིན་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྨན་རྫས་ཀྱི་རིན་གོང་དང་མཁོ་སྤྲོད་འགན་ལེན་ལ་སྐབས་ཐོག་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་པ། བོད་རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས《འཛད་སྤྱོད་དམངས་དོན་སྤྱི་ཕན་གཏུག་བཤེར་མཉམ་ལས་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པའི་སྐོར་གྱི་བསམ་འཆར》མཉམ་དུ་བཟོས་ཏེ། བོད་རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་ཁྲིམས་རྩོད་པའི་ཚོགས་པ་བཙུགས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།