འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“ས་མཐོའི་གནའ་ཉམས·མཆོག་ནོར་དབུས་ཁུལ”ཞེས་པའི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཇུས་འགོད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་གཉེར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཟི་ལིང་གྲོང་ཁྱེར་དབུས་ཁུལ་གྱི་སྐབས་གསུམ་པའི“ས་མཐོའི་གནའ་ཉམས·མཆོག་ནོར་དབུས་ཁུལ”ཞེས་པའི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཇུས་འགོད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དེ་གྲོང་ཁྱེར་དབུས་ཁུལ་རིག་གནས་ཁང་དུ་གཉེར་བ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རིག་གནས་གསར་གཏོད་ཇུས་འགོད་པ་དང་ཇུས་འགོད་ལ་དགའ་པོ་ཡོད་མཁན་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད།
     ད་ཐེངས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་ཇུས་འགོད་འགྲན་བསྡུར་ཆེ་མོའི་ནང་གྲོང་ཁྱེར་དབུས་ཁུལ་གྱི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་། གསར་གཏོད་པར་དམངས་ཁྲོད་རིག་གནས་ཀྱི་ངག་རྒྱུན་དང་། མི་རིགས་ཀྱི་གླུ་གར། སྲོལ་རྒྱུན་གྱི་ཟློས་གར། དམངས་ཁྲོད་བཟོ་རྩལ། དམངས་སྲོལ་འདུ་ཚོགས། མངོན་མིན་རིག་གནས་ཤུལ་བཞག སྐྱེ་ཁམས་ཐོན་ཁུངས་སོགས་ལ་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་བྱས་ཏེ། ལོ་རྒྱུས་ཀྱི་གནའ་ཉམས་དང་མི་རིགས་ཀྱི་ཁྱད་ཆོས་དང་དར་སྲོལ་གཞི་རྒྱུ་ཟུང་འབྲེལ་བྱེད་པའི་ལྕག་སྐུལ་བྱས་ཡོད།
     ན་ནིང་གི་ཟླ་7པ་ནས་བཟུང་འགྲན་བསྡུར་གྱི་བརྩམས་ཆོས་བསྡུ་རུབ་བྱས་ཚུན། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་ཁག་གི་རིག་གནས་གསར་གཏོད་ཀྱི་ཇུས་འགོད་བརྩམས་ཆོས་100ལྷག་ཙམ་འབྱོར་བ་དང་། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱེད་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད། རིག་གནས་གསར་གཏོད་བརྩམས་ཆོས་31བདེ་བླག་ངང་མཐའ་བསྡུར་ནང་ཚུད་ཡོད། འགྲན་ཞུགས་བདམས་ཐོན་པར་དེ་བས་ཆེད་ལས་ཀྱི་གསར་རྩོམ་བར་མཐོངས་མཁོ་འདོན་བྱེད་ཆེད། འགྲན་བསྡུར་ཆེ་མོའི་ནང་རིག་གནས་གསར་གཏོད་དང་ཡུལ་སྐོར་དང་། རིག་གནས་གསར་གཏོད་དང་མངོན་མིན་རིག་གནས་ཤུལ་བཞག རིག་གནས་གསར་གཏོད་དང་སློབ་གསོ། རིག་གནས་གསར་གཏོད་དང་སྐྱེ་ཁམས། རིག་གནས་གསར་གཏོད་དང་འགུལ་རིས་IPབཅས་རིགས་དབྱེའི་ནང་དོན་5ཡོད་པ་དང་། གྲོང་ཁྱེར་དབུས་ཁུལ་གྱི་སྣ་མང་རིག་གནས་མཉམ་འདྲེས་ལ་བརྟེན་པ་དང་གསར་གཏོད་ལ་བརྟེན་ནས་ལས་རྣམ་གསར་པ་འཕེལ་རྒྱས་བཏང་སྟེ། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་མངོན་པར་བྱས་ཡོད།
     བྱེད་སྒོ་སྤེལ་ཡུལ་དུ་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་རང་སོ་སོའི་བརྩམས་ཆོས་ལ་འགྲེལ་བཤད་ལྷུག་པོར་བརྒྱབ་པར་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། བརྩམས་ཆོས་དེ་དག་ལ་སྒྱུ་རྩལ་གྱི་མཛེས་ཆོས་དང་། རིག་གནས་ཀྱི་སྙིང་བཅུད། དྲན་གསོའི་རིན་ཐང་། དངོས་སྤྱོད་རང་བཞིན་བཅས་ལྡན་ཡོད་པས་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་དབུས་ཁུལ་གྱི་རིག་གནས་ཀྱི་བསྡུས་རིས་ཤིག་རེད།