འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཐུན་སྦྱོར་གྱི་གོ་སྐབས་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཀྲེ་ཧྥུང་།
    པེ་ཅིང་དང་། ཐེན་ཅིན། ཧོ་པེ(གཤམ་དུ་པེ་ཐེན་ཧོ་ཞེས་བསྡུ་རྒྱུ)བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་གནང་བ་དང་། སྐུ་ངོ་མས་ཐབས་ཇུས་བཏོན་གནང་བ། སྐུ་ངོ་མས་སྐུལ་འདེད་གནང་བ་བཅས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། པེ་ཐེན་ཧོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་ལོ་9སོང་རིང་། ཧོ་པེར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་གང་དག་བྱུང་ཡོད་དམ། ཇི་ལྟར་བྱས་ནས་པེ་ཐེན་ཧོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས་སམ། ཉེ་ཆར་གསར་འགོད་པས་གནས་ཚུལ་དེར་དམིགས་ནས་ཧོ་པེ་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་པེ་ཐེན་ཧོ་མཐུན་སྦྱོར་འཕེལ་རྒྱས་ཧོ་པེ་ཞིང་ཆེན་མཐུན་སྦྱོར་གསར་གཏོད་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཐེན་ཞུའེ་པིན་ལ་ཆེད་དོན་བཅར་འདྲི་བྱས་པ་རེད།
     གསར་འགོད་པ། ལོ་9ཡི་རིང་པེ་ཐེན་ཧོ་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཧོ་པེར་ཚད་བརྒལ་དང་འཕེལ་རྒྱས་གང་དག་བྱུང་ཡོད་དམ།
     ཐེན་ཞུའེ་པིན། ཧོ་པེས་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཀྱི་གནད་འགག་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ་ས་ཁོངས་ཧྲིལ་པོར་འབྲེལ་མཐུད་དང་ཁྱོན་ཡོངས་ནས་འབྲེལ་མཐུད་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། འགྲིམ་འགྲུལ་གྱི“དྲ་བ་གཅིག”དང་། སྐྱེ་ཁམས་ཀྱི“བསམ་ཇུས་གཅིག” ཐོན་ལས་ཀྱི“འབྲེལ་ཐག་གཅིག”བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དུས་འབྲིང་དམིགས་ཚད་མངོན་འགྱུར་བྱུང་ཡོད།
    པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཀྱི་གནད་འགག་གོ་རིམ་ལྡན་པའི་ངང་ཐག་གཅོད་བྱེད་པ་དང་འབྲེལ་མཐུད་བྱས་ཤིང་། “1+5+4+33”གྱི་གཙོ་གནད་འབྲེལ་མཐུད་ཀྱི་ལས་སྟེགས་མ་ལག་གཏོད་པ་དང་། ཞུང་ཨན་ཁུལ་གསར་གྱི་གཅིག་སྡུད་ཐེག་ནུས་ལྟེ་བར་བྱེད་པ། པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་གི་མཁའ་འགྲུལ་དཔལ་འབྱོར་ཁུལ་སོགས་རོགས་ལས་སྟེགས་བུ་5གཙོ་གནད་དུ་བྱེད་པ། ཁྱད་ལྡན་ཆེད་ལས་ལས་སྟེགས་4དང་རང་གཤིས་ཅན་གྱི་ལས་སྟེགས་33འདེགས་སྐྱོར་དུ་བྱེད་པ། ཕྱོགས་བསྡུས་ཐེག་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཡོད། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་པེ་ཅིང་དང་ཐེན་ཅིན་བསྒྱུར་བའི་ཚན་པ་ཁྲི་43903དང་ལེན་བྱས་པ་རེད།
   འགྲིམ་འགྲུལ་དང་། སྐྱེ་ཁམས། ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་སྔོན་ལ་ཚད་བརྒལ་ཡོང་བར་བྱས་ཤིང་། “འཁོར་ལམ་ཐོག་གི་པེ་ཐེན་ཧོའི”སྒྲོམ་གཞི་གཙོ་བོ་གྲུབ་པ་དང་སྐྱེ་ཁམས་ཁོར་ཡུག་མཉམ་སྐྲུན་དང་མཉམ་འགོག་མཉམ་བཅོས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འགྲིམ་འགྲུལ་ལ་ཆ་མཚོན་ན། ཧོ་པེས་པེ་ཅིང་དང་ཐེན་ཅིན་གྱི“འབྲེལ་མཐུད་ལམ་བུའི”དུམ་བུ་42དང་སྤྱི་ལེ་2540ཤར་གཏོང་ཐུབ་པ་དང་། པེ་ཅིང་དང་ཧོ་པེ་བསྒྲལ་ནས་འཛུགས་སྐྲུན་བྱས་པའི་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། པེ་ཅིང་ནས་ཀྲང་ཅ་ཁའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་པེ་ཅིང་ནས་ཞུང་ཨན་བར་གྱི་གྲོང་ཁྱེར་དབར་གྱི་མྱུར་བགྲོད་ལམ་བུ་ཤར་གཏོང་ཐུབ་པ་རེད། པེ་ཐེན་ཧོའི་གྲོང་ཁྱེར་གཙོ་བོའི་ཆུ་ཚོད་1ནས་1.5བར་གྱི་འགྲིམ་འགྲུལ་ཁུལ་མགྱོགས་མྱུར་ཆགས་ཡོད།
    གསར་འགོད་པ། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རིང་ཇི་ལྟར་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས་སམ།
    ཐེན་ཞུའེ་པིན། མཐུན་སྦྱོར་གསར་གཏོད་ནི་པེ་ཐེན་ཧོ་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། ཧོ་པེས“པེ་ཅིང་དང་ཐེན་ཅིན་གྱི་ཞིབ་འཇུག་གསར་སྤེལ་དང་ཧོ་པེའི་གཞན་སྒྱུར”གྱི་བླང་བྱར་དམིཌ་ཏེ། པེ་ཅིང་དང་ཐེན་ཅིན་གྱི་ཚན་རྩལ་གསར་གཏོད་ཀྱི་གཞི་རྒྱུ་གཙོ་བོ་མང་པོ་འདུས་པའི་དགེ་མཚན་ལ་བརྟེན་ནས་ཧོ་པེའི་ཐོན་ལས་འབྲེལ་ཐག་དང་པེ་ཅིང་དང་ཐེན་ཅིན་གྱི་གསར་གཏོད་འབྲེལ་ཐག་མཉམ་འདྲེས་དང་ཕན་ཚུན་གསབ་རེས་བྱེད་པའི་ཟུང་འབྲེལ་བྱེད་གནས་གནད་འཁེལ་འཚོལ་བ་དང་། ཧོ་པེའི་ཚན་རྩལ་གསར་གཏོད་ནུས་པ་ཆེར་གཏོང་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཡོད།
    ཞིབ་ཕྲ་ནས་བརྗོད་ན། གཅིག་ནས་པེ་ཅིང་དང་ཐེན་ཅིན་གྱི་ལག་རྩལ་ཤེས་ལྡན་མི་སྣའི་ཐོན་ཁུངས་ལ་བརྟེན་ནས་ངར་ལྕགས་དང་སྒྲིག་ཆས་སོགས་ཐོན་ལས་གྲངས་གཞི་ཅན་གྱི་སྒྱུར་བཀོད་དང་། རིག་ནུས་ཅན་གྱི་རིམ་སྤོར། ལྗང་མདོག་ཅན་གྱི་གཞན་སྒྱུར་བཅས་བྱེད་མགྱོགས་སུ་གཏོང་བ་དང་། གཉིས་ནས་གསར་གཏོད་འབྲེལ་ཐག་ལ་དམིགས་ནས་ཐོན་ལས་འབྲེལ་ཐག་བཀོད་སྒྲིག་དང་རབས་གསར་པའི་གློག་རྡུལ་ཆ་འཕྲིན་ལག་རྩལ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་དམིགས་ནས། ཐོན་ཁུངས་ཐོན་ལས་བཀོད་སྒྲིག་བྱེད་པའི་རྨང་གཞི་ལེགས་པ་དང་ཁྲོམ་རའི་མདུན་ལམ་ཆེ་བའི་གསར་དར་ཐོན་ལས་བདམས་ཏེ་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། གསུམ་ནས་གསར་གཏོད་ལས་སྟེགས་ལ་དམིགས་ནས་ཐོན་ཁུངས་མཉམ་སྤྱོད་དང་མཐུན་སྦྱོར་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་རྣམ་གྲངས་གལ་ཆེན་མཉམ་འབྲེལ་ཐོག་ཡིག་ཐོག་སྙན་ཞུ་འབུལ་བ་དང་མཉམ་སྡེབ་འགག་སྒྲོལ་བྱས་པ་བརྒྱུད་ཚན་རྩལ་གསར་གཏོད་ཀྱི་གཞི་རྒྱུ་གཙོ་བོ་འཁོར་སྐྱོད་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་བ། ཧོ་པེ་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་དང་ཉོ་ཚོང་ལྟེ་གནས་སྟོབས་ཆེར་གཏོང་བ་དང་། པེ་ཅིང་དང་ཐེན་ཅིན་གྱི་ལག་རྩལ་ཉོ་ཚོང་ཁྲོམ་ར་དང་འབྲེལ་མཐུད་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་བཅས་རེད།
    གསར་འགོད་པ། མཐུན་སྦྱོར་ངང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་ལག་ལེན་ཁྲོད་ད་དུང་ཁྱབ་ཁོངས་གང་དག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་སམ།
    ཐེན་ཞུའེ་པིན། མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སོགས་ད་དུང་སྔར་བས་ལེགས་སུ་གཏོང་དགོས། གཤམ་གསལ་ཕྱོཌ་ཁག་ནས་འགོ་འཛུཌ་དགོས་པའི་གྲོས་འགོ་འདོན་རྒྱུ་སྟེ།
    གཞི་རྒྱུ་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལམ་སྲོལ་གསར་གཏོད་བྱས་ནས་ཤེས་ལྡན་པ་སོགས་གཞི་རྒྱུ་གཙོ་བོ་སྒོ་དབྱེ་དང་འཁོར་སྐྱོད་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་ལས་བརྒལ་བའི་ཚོང་ཟོག་འགྲོ་རྒྱུག་དང་ཐོན་ཁུངས་ཉོ་ཚོང་སོགས་ཐུན་མོང་གི་ཁྲོམ་ར་དང་མཉམ་སྤྱོད་ལས་སྟེགས་མཉམ་དུ་བསྐྲུན་པ་བརྒྱུད། གཞི་རྒྱུ་གཙོ་བོའི་ཐོན་ཁུངས་དེ་ས་ཁུལ་གསུམ་དུ་སྔར་བས་རང་མོས་ངང་འགྲོ་རྒྱུག་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས།
    ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཁྲོད་ཀྱི་སློབ་གྲྭ་ཆེ་མོ་དང་ཁེ་ལས་བྱེད་པོ་གཉིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དགོས་མཁོ་སྟོན་ཕྱོགས་སུ་བྱས་པའི་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
    ཐོན་ལས་མཐུན་སྦྱོར་གྱིས་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་གསར་གཏོད་བྱས་ནས་པེ་ཐེན་ཧོའི་རྩེར་སོན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། བྱེད་ནུས་གཏན་འཁེལ་དང་དེང་རབས་ཀྱི་ཐོན་ལས་ལས་བགོས་ལྟར། སྒྲིག་ཆས་བཟོ་སྐྲུན་དང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་དངོས་སྨན་རྫས་སོགས་ས་ཁོངས་སྒྲོལ་བའི་ཐོན་ལས་འབྲེལ་ཐག་དང་ཐོན་ལས་ཁྱུ་ཚོགས་འཛུགས་སྐྱོང་ལ་དམིགས་ནས་ཐོན་ལས་འབྲེལ་ཐག་གི་ལྟེ་བའི་ལྷུ་ཚིགས་གཏན་འཁེལ་བྱས་ཏེ། གསར་གཏོད་བྱེད་ཤུགས་སྔར་བས་ཆེ་བ་དང་ཟུར་སྣོན་རིན་ཐང་སྔར་བས་མཐོ་བའི་ཐོན་ལས་འབྲེལ་ཐག་ཆགས་པར་བྱེད་དགོས།
    མཐུན་སྦྱོར་ངང་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ནས་པེ་ཐེན་ཧོ་མཐུན་སྦྱོར་གསར་གཏོད་ཀྱི་གཅིག་མཐུན་འདུས་གྲུབ་ཆགས་པར་སྐུལ་འདེད་གཏོང་དགོས། འཆར་འགོད་དོ་དམ་དང་། མ་འཇོག་ཞིབ་མཆན། ནོར་ཁྲལ་མཉམ་སྤྱོད་སོགས་གཞི་གཅིག་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་དགོས་པ་དང་། གཙོ་གནད་ས་ཁོངས་བདམས་ཏེ་པེ་ཅིང་དང་ཐེན་ཅིན་གྱི་ཚན་རྩལ་གྲུབ་འབྲས་ས་ཆ་གཞན་དུ་སྒྱུར་བའི་དཔེ་སྟོན་ཁུལ་ལ་བརྩིས་ནས་ཚན་རྩལ་གྲུབ་འབྲས་ས་ཆ་གཞན་དུ་སྒྱུར་བའི“མཐའ་མའི་འགག་གནད”སེལ་དགོས།
    གསར་འགོད་པ། གོམ་སྟབས་རྗེས་མར་ཧོ་པེས་པེ་ཐེན་ཧོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏིང་ཟབ་དང་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་ཡིན་ནམ།
    ཐེན་ཞུའེ་པིན། ཧོ་པེས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་གཏིང་ཟབ་དང་། ཆུ་ཚད་སྔར་བས་མཐོ་བ། ཕན་འབྲས་སྔར་བས་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ།
    ལས་དོན་དོན་འཁྱོལ་དང་། འབྲེལ་མཐུད་རོགས་ལས། ཚད་འབེབས་དཔྱད་ཞིབ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་བཅིངས་འགྲོལ་དང་འབད་འབུངས་ཡར་བརྩོན་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཀྱི་གནད་འགག་ཐག་གཅོད་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་དུས་དང་བསྟུན་ནས་འབྲེལ་མཐུད་བྱེད་པོ་རྒྱ་སྐྱེད་བཏང་སྟེ་པེ་ཅིང་དུ་ཡོད་པའི་མཐོ་སློབ་དང་། སྨན་ཁང་། ཁེ་ལས་ཀྱི་སྤྱི་ཁྱབ་པུའུ། དངུལ་རྩའི་ལས་ཁུངས། ཚན་ཞིབ་ཁང་སོགས་ཀྱི་འབྲེལ་མཐུད་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབ་རྒྱུ། གཙོ་གནད་ས་ཁོངས་ལ་དམིགས་ཏེ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱས་ནས་ལང་ཧྥང་པེ་སན་རྫོང་དང་ཐུང་ཀྲོའུ་ཆུས་སྤུས་ཚད་མཐོ་ལ་གཞི་གཅིག་ཅན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་རྗེས་ཀྱི་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། གཙོ་གནད་མཐུན་སྦྱོར་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་མཐུན་སྦྱོར་གསར་གཏོད་དང་སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ། སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་བྱེད་མགྱོགས་སུ་བཏང་ནས་པེ་ཐེན་ཧོའི་མ་གནས་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད་ཀྱི་ཁ་གསབ་མཐུན་སྦྱོར་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་རེད།