འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་
མུའུ་ཧན་མོ་ཏེ་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏེར་རྒྱལ་པོ་སཱ་ལེ་མན་ལ་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་རོགས་ཞུས་པ་དང་འབྲེལ་སྨྱུང་གནས་ཟླ་བར་འཚམས་འདྲིའང་ཞུས་པ་རེད། ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ན་ནིང་ལོ་མཇུག་ཏུ་ངས་སོ་ཏི་ཨ་རབ་ལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན། ང་ཚོས་རི་ཡ་ཏེར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོ་དང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བས། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བར་སྐུལ་འདེད་ཐུབ་པས། དབུས་ཤར་ས་ཁུལ་གྱི་དུས་བབ་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ། “སྐོར་གསུམ་དབུ་ཚོགས”ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་མུ་མཐུད་ནས་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་། དངོས་སྒྲུབ་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་གོ་དང་། སོ་ཏི་ཨ་རབ། དབྱི་རན་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་སོ་ཏི་ཨ་རབ་དང་དབྱི་རན། པེ་ཅིང་བཅས་དབར་གྱི་སྐད་ཆ་ཤོད་རེས་གྲུབ་འབྲས་ཐོབ་པའི་ངང་བྱས་པ་དང་འབྲེལ་གྲུབ་འབྲས་གལ་ཆེན་ཡང་ཐོབ་ཡོད། དེས་སོ་ཏི་ཨ་རབ་དང་དབྱི་རན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་གཏོང་བར་ཕན་པ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་ས་ཁུལ་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་བར་དཔེ་སྟོན་གྱི་ཕན་འབྲས་གལ་ཆེན་ཐོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་ཡོད། ཉེ་ལམ་ས་ཁུལ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཞི་ལྷོད་དུ་འགྲོ་ཚུལ་མངོན་གསལ་དོད་དུ་ཕྱིན་པ་དེ་ཐོག་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་འགལ་ཟླ་དང་མི་མཐུན་ས་ཐག་གཅོད་བྱ་རྒྱུ་དེ་དམངས་སེམས་དང་མཐུན་པ་དང་དུས་རབས་ཀྱི་རླབས་རྒྱུན་དང་རྒྱལ་ཁབ་ཁག་གི་ཁེ་ཕན་དང་མཐུན་པ་གང་ལེགས་མཚོན་ཡོད། སོ་ཏི་ཨ་རབ་དང་དབྱི་རན་ཕྱོགས་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་པེ་ཅིང་དུ་སྐད་ཆ་ཤོད་རེས་བྱེད་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་རན་གྱི་སྐད་ཆ་ཤོད་རེས་ཀྱི་རྗེས་མཐུད་འཕེལ་རིམ་ལ་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
   མུའུ་ཧན་མོ་ཏེས་རྒྱལ་པོ་སཱ་ལེ་མན་གྱིས་ཞི་ཅིན་ཕིང་ལ་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་མ་ཟད། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བསྟུད་མར་བཞེས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། མུའུ་ཧན་མོ་ཏེས། ཀྲུང་གོ་ཕྱོགས་ནས་སོ་ཏི་ཨ་རབ་དང་དབྱི་རན་གྱི་འབྲེལ་བ་ལེགས་སུ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སོ་ཏི་ཨ་རབ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལས་ཀྲུང་གོའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་གང་ལེགས་མཚོན་གྱི་ཡོད། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས་སོ་ཏི་ཨ་རབ་ཕྱོགས་ཀྱིས་དེའི་ཐད་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡིན། ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་གསར་པ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།