འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉ་ཀྲུང་ཧྭ་ཞུན་ཁྲི་20ཁག་བགོས་ནས་འབྲི་ཆུར་གློད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་29ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཡན་ཀྲེ་ཡོན་འབྲི་ཆུའི་རྩ་ཆེའི་ཉ་རིགས་གློད་ཡུལ་དུ་ཉ་ཀྲུང་ཧྭ་ཞུན་ཁྲི་10འབྲི་ཆུར་གློད་ནས་འབྲི་ཆུའི་ཉ་ཀྲུང་ཧྭ་ཞུན་གྱི་དངོས་རིགས་ཐོན་ཁུངས་ཁ་གསབ་བྱས་པ་རེད།
    ད་ཐེངས་ཉ་མོ་གློད་པའི་བྱེད་སྒོ་དེ་ཞིང་ལས་གྲོང་གསེབ་པུའུ་འབྲི་ཆུ་རྒྱུག་ཁུལ་གྱི་ཉ་ལས་སྲིད་འཛིན་ལྟ་འདོམས་གཞུང་ལས་ཁང་དང་། ཧུའུ་པེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། དབྱི་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། ཁྱོན་ཁག་ཐེངས་གསུམ་ལ་བགོས་ནས་སྤེལ་བ་རེད། “དར་མ་དང་། ན་གཞོན། བྱིས་པ”བཅས་ཟུང་དུ་འབྲེལ་ཞིང་ཚན་རིག་དང་མཐུན་པའི་ཉ་གློད་ཐབས་རྒྱུན་མཐུད་བྱས་ཏེ་གློད་པའི་ཉ་ཕྲུག་རབས་གཉིས་པའི་ཉ་ཀྲུང་ཧྭ་ཞུན་གྱི་ལོ་ཚད་ལོ་ཕྱེད་ནས་བཅུ་བཞི་བར་བརྒལ་ནས་ཁྱོན་ཉ་ཕྲུག་ཁྲི་20ཟིན་ཡོད།
    ད་རེས་ཀྱི་ཉ་གློད་པའི་བྱེད་སྒོ་མ་སྤེལ་གོང་། ཚན་ཞིབ་མི་སྣས་གཞི་ཁྱོན་ཆེ་བའི་ཉ་ཀྲུང་ཧྭ་ཞུན་ལ་སྲུང་སྐར་འཚོལ་རྟགས་གསར་པ་བརྒྱབ་པ་དང་། དུས་མཇུག་ཏུ་སྲུང་སྐར་འཚོལ་རྟགས་བརྒྱུད་ལྟ་ཞིབ་ཚད་ལེན་བྱེད་པ་དང་། རང་རྒྱལ་གྱི་ཉེ་འཁོར་མཚོ་ཁོངས་སུ་ཉ་ཀྲུང་ཧྭ་ཞུན་ཁྱབ་ཚུལ་ལ་ཚོད་སྐོར་བྱེད་པ། ཕྱི་རོལ་དུ་འཚོ་གནས་དང་བྱེད་སྒོ་སྤེལ་བར་ཤུགས་རྐྱེན་ཐེབས་པའི་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོར་དབྱེ་ཞིབ་བྱེད་པ་བཅས་བྱས་ཏེ་ཉ་ཀྲུང་ཧྭ་ཞུན་གྱི་རྒྱ་མཚོའི་འཚོ་གནས་ལོ་རྒྱུས་ཞིབ་འཇུག་དང་གོམ་སྟབས་རྗེས་མའི་འབྲེལ་ཡོད་སྲུང་སྐྱོང་བྱ་ཐབས་བཟོ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།