འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མུ་འབྲེལ་བརྙན་ཐུང་《གསར་བརྗེའི་དྲན་འཆར་》ལེའུ་གཉིས་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   

 
    ཚེ་རིང་ལྷ་མོ་རང་ལོ་6ལོན་པའི་སྐབས་དེར། མངའ་བདག་གི་ཁྱིམ་དུ་ནང་ཟན་ཟེར་བ་བྱས་ནས་བྲན་གཡོག་རྒྱུག་སྟེ་དཀའ་སྡུག་ཚད་མེད་མྱངས། 
   དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚེ་རིང་ལྷ་མོས་བོད་ལྗོངས་ལྷོ་ཁའི་སྐྱེད་པ་ཤང་བསམ་མཁར་གྲོང་ཚོའི་ནང་ཟན་དུད་ཚང་11གི་སྣེ་འཁྲིད་དེ་“དབུལ་པོའི་”རོགས་རེས་ཚོགས་ཆུང་བཙུགས་ནས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་བཏང་བས། བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་དཔེ་བཟང་དང་འཐུས་མིར་གྱུར། རང་ལོ་64རུ་ལོན་པའི་རྗེས་སུ་“གྲིབ་མ་དང་རྐང་རྗེས་མ་གཏོགས་གཞན་གང་ཡང་མེད་པའི་”ཞིང་བྲན་དང་ཕྱི་རབས་པས་འབད་འབུངས་སྟོབས་བརྩོན་བྱས་ནས། དབུལ་ཞྭ་འབུད་ཐུབ་པ་དང་འབྱོར་འབྲིང་གི་འཚོ་བར་རོལ་ཐུབ་པ་བྱུང་ཡོད།