འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དངོས་བྲིས་གློག་བརྙན་ཆེ་གྲས《ས་མཐོའི་སྙན་དབྱངས》ལེའུ་ལྔ་པ། འཚོལ་སྙེག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 


     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྒྱ་སྐད་གོ་ལ་ཧྲིལ་པོའི་ལེ་ཚན་ལྟེ་གནས་ཀྱིས་བརྙན་ལེན་ཕབ་སྐྲུན་བྱས་པའི་ལེའུ་ལྔ་ཡི་དངོས་བྲིས་གློག་བརྙན《ས་མཐོའི་སྙན་དབྱངས》ཞེས་པ་དེ་ཟླ་2ཚེས་28ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་CCTV-1ཕྱོགས་བསྡུས་འཕྲིན་ལམ་དུ་ཐོག་མར་བསྟན་པ་རེད། དངོས་བྲིས་གློག་བརྙན《ས་མཐོའི་སྙན་དབྱངས》ཞེས་པར་ཁྱོན་ལེའུ་ལྔ་ཡོད་ཅིང་། དེ་དག་ནི“འཚར་ལོངས”དང་། “སྲོལ་གསར” “ཕུགས་འདུན” “སྲུང་སྐྱོང་” “འཚོལ་སྙེག”བཅས་བརྗོད་དོན་གཙོ་བོར་བྱས་ཏེ། ཕྱོགས་མི་འདྲ་བའི་ཐོག་ནས་དུས་རབས་གསར་པའི་བོད་ལྗོངས་གསར་པའི་སྐོར་གླེང་བ་དང་། མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་ན་གཞོན་ཚོས་སྲོལ་རྒྱུན་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱས་ཏེ། དུས་རབས་ཀྱི་གོ་སྐབས་དམ་འཛིན་གྱིས་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
     ལེའུ་ལྔ་པ། འཚོལ་སྙེག དེང་སང་གི་བོད་ལྗོངས་སུ་ན་གཞོན་དེ་བས་མང་བས་བྱ་དངོས་གསར་པར་ཚོད་ལྟ་བྱེད་ཕོད་ཅིང་ས་གཞི་འདིའི་ཐོག་འཚོལ་ཞིབ་བྱེད་ཀྱི་ཡོད། མི་ལ་ལས་ཚན་རིག་གི་གསང་བ་འཚོལ་ཞིབ་བྱེད་པ་དང་། ལ་ལས་མཐོ་སྒང་གི་ལུས་སྦྱོང་གསར་པ་འཚོལ་ཞིབ་བྱེད་པ། ལ་ལས་སྲོལ་རྒྱུན་རིག་གནས་གསར་གཏོད་ལ་འཚོལ་ཞིབ་བྱེད་པ་སོགས་ཁོང་ཚོས་རང་ཉིད་ཀྱི་བྱེད་ཐབས་བརྒྱུད་ནས་མི་ཚོས་བོད་ལྗོངས་ལ་བཟུང་བའི་བག་ཆགས་ལ་ཤུགས་རྐྱེན་དང་འགྱུར་ལྡོག་གཏོང་བཞིན་ཡོད།