འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དངོས་བྲིས་གློག་བརྙན་ཆེ་གྲས《ས་མཐོའི་སྙན་དབྱངས》ལེའུ་བཞི་པ། སྲུང་སྐྱོང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 


     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྒྱ་སྐད་གོ་ལ་ཧྲིལ་པོའི་ལེ་ཚན་ལྟེ་གནས་ཀྱིས་བརྙན་ལེན་ཕབ་སྐྲུན་བྱས་པའི་ལེའུ་ལྔ་ཡི་དངོས་བྲིས་གློག་བརྙན《ས་མཐོའི་སྙན་དབྱངས》ཞེས་པ་དེ་ཟླ་2ཚེས་28ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་CCTV-1ཕྱོགས་བསྡུས་འཕྲིན་ལམ་དུ་ཐོག་མར་བསྟན་པ་རེད། དངོས་བྲིས་གློག་བརྙན《ས་མཐོའི་སྙན་དབྱངས》ཞེས་པར་ཁྱོན་ལེའུ་ལྔ་ཡོད་ཅིང་། དེ་དག་ནི“འཚར་ལོངས”དང་། “སྲོལ་གསར” “ཕུགས་འདུན” “སྲུང་སྐྱོང་” “འཚོལ་སྙེག”བཅས་བརྗོད་དོན་གཙོ་བོར་བྱས་ཏེ། ཕྱོགས་མི་འདྲ་བའི་ཐོག་ནས་དུས་རབས་གསར་པའི་བོད་ལྗོངས་གསར་པའི་སྐོར་གླེང་བ་དང་། མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་ན་གཞོན་ཚོས་སྲོལ་རྒྱུན་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱས་ཏེ། དུས་རབས་ཀྱི་གོ་སྐབས་དམ་འཛིན་གྱིས་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
     ལེའུ་བཞི་པ། སྲུང་སྐྱོང་། མི་རྣམས་ཀྱིས་གང་ཞིག་གཅེས་སྤྲས་བྱེད་ན་དེ་ལ་སྲུང་སྐྱོང་བྱེད། མཐོ་སྒང་དུ་རྩ་ཆེ་ཤོས་ཀྱི་དངོས་པོ་ནི་རང་ཉིད་ཁོ་ནར་དབང་བ་མིན་ཏེ། དཔེར་ན། འབྲོག་ར་དང་། སྨན་རྫས། བཟོ་སྐྲུན། ལག་རྩལ་བཅས་རེད། དེའི་རྐྱེན་གྱིས་མི་རྣམས་ཀྱི་སྲུང་སྐྱོང་ནི་སྔར་ལས་དོན་སྙིང་ལྡན་པར་གྱུར་ཡོད། རྩ་རི་ལུང་ཤུར་ནི་བོད་ཀྱི་ཤར་ལྷོའི་མཚམས་སུ་གནས་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆེས་གལ་འགངས་ཆེ་བའི་ཆུ་རླངས་ཤར་བགྲོད་ལམ་གྱི་གྲས་ཤིག་རེད། དེ་གར་ལོ་གཅིག་ལ་དུས་ཚིགས་གཉིས་སྟེ་གངས་དུས་དང་ཆར་དུས་གཉིས་ལས་མེད། ཆར་དུས་མ་སླེབས་གོང་ངག་དབང་ཤེས་རབ་བཟའ་ཟླ་གཉིས་ཀྱིས་གྲོང་ཚོ་དེ་ཡོངས་ཀྱི་ནོར་གནག་དེད་དེ་དབྱར་སར་སྤོས་ནས་འཚོ་བ་སྐྱེལ་གྱི་ཡོད་མོད། འོན་ཀྱང་ལོ་རེའི་འཚེར་ས་སྤོ་བ་ནི་ཧང་སངས་དགོས་པའི་གནས་སྤོ་ཞིག་རེད།