འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་འདི་འཚོགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་ནན་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་“ཀྲུང་གོའི་ལུགས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་”གི་བགྲོ་གླེང་ཚོགས་འདུ་ཧུའུ་ནན་ཁྲང་ཧྲ་རུ་འཚོགས་པ་རེད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་། ཀྲུང་གོའི་ཁྲིམས་ལུགས་རིག་པའི་ལྷན་ཚོགས། ཅི་ལིན་སློབ་ཆེན། ནན་ཁའེ་སློབ་ཆེན། ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་སོགས་རྒྱལ་ནང་གི་མཐོ་སློབ་དང་། ཚན་ཞིབ་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་མཁས་དབང་30ལྷག་ཙམ་ཚོགས་འདུར་ཞུགས་ནས། ཀྲུང་གོའི་ལུགས་ཀྱི་དམངས་གཙོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད། 
     ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ལུའུ་ཀོང་ཅིན་གྱིས། དམངས་གཙོ་ནི་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། རང་དབང་དང་ཡར་ཐོན་ལ་དགའ་པོ་བྱེད་མཁན་ཡོངས་ཀྱིས་ཡིད་སྨོན་དང་བརྩོན་ལེན་བྱེད་ཀྱི་ཡོད། ཀྲུང་གོའི་ལུགས་ཀྱི་དམངས་གཙོ་ནི་ཀྲུང་གོ་ནས་བྱུང་ཞིང་ཀྲུང་གོ་ནས་གྲུབ་པ་ཡིན་པས། ཀྲུང་གོའི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་གྱི་གསར་གཏོད་ཀྱི་གྲུབ་འབྲས་ཡིན་པ་དང་། ཁྱད་ཆོས་མངོན་གསལ་ཅན་བཞི་ཡོད་དེ། ཀྲུང་གོའི་ལུགས་ཀྱི་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཡིན་པ། འཕེལ་རྒྱས་ཀྱི་མི་དམངས་དམངས་གཙོ་ཡིན་པ་བཅས་འདུས་ཡོད་ཅེས་བསྟན། 
     ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བཤད་དོན། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་དམངས་ཞུགས་རྒྱུ་ལྟེ་བ་བྱེད་པའི་དམངས་གཙོའི་ཆབ་སྲིད་གསར་གྲས་ཤིག་ཡིན་ཞིང་། དེའི་ནང་དོན་དང་ཁྱབ་བྱེད་ནི་ནུབ་ཕྱོགས་ཀྱི་ཚབ་གྲོས་ལམ་ལུགས་ཀྱི་དམངས་གཙོ་དང་མཚོན་ཚུལ་དང་ལག་ལེན་ཐད་ཀྱི་མི་འདྲ་བ་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཡིས་རྩ་ཁྲིམས་ཀྱི་ཡིག་དེབ་ཕུད་པའི་མི་དམངས་མང་ཚོགས་ཀྱི་དམངས་གཙོའི་དབང་ཆ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། མི་དམངས་མང་ཚོགས་ཀྱི་དམངས་གཙོའི་དབང་ཆའི་རྒྱ་ཁྱབ་རང་བཞིན་དང་། རྒྱུན་མཐུད་རང་བཞིན། བར་ཆད་རང་བཞིན་བཅས་ཀྱང་མངོན་གསལ་དོད་པོ་བྱུང་ཡོད་པས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཆེས་རྒྱ་ཆེ་བ་དང་། ཆེས་བདེན་པ་བདེན་ཐུབ། ཆེས་ཕན་གོ་ཆོད་པ་བཅས་ཀྱི་དམངས་གཙོ་ཡིན་ལ། མིའི་རིགས་ཆབ་སྲིད་དཔལ་ཡོན་གྱི་གསར་གཏོད་དང་འཕེལ་རྒྱས་གལ་ཆེན་ཞིག་ཀྱང་ཡིན།