འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་དབྱང་གིས་ལས་ཁུངས་འདི་དག་ལ་སྐོར་ཞིབ་བྱ་རྒྱུ་རེད།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྐབས་ཉི་ཤུ་པའི་སྐོར་ཞིབ་ཐེངས་དང་པོས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་མཚོན་ཆ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་མཚོན་ཆ་སྒྲིག་ཆས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་གློག་རྡུལ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་མཁའ་སྐྱོད་འཕྲུལ་སྒུལ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་རྒྱུན་འཁོར་མ་རྩ་དོ་དམ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་ལམ་དྲ་བའི་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི།  ཀྲུང་གོའི་ལྷོ་ཕྱོགས་གློག་དྲའི་འགན་འཁྲི་ཚད་ཡོད་ཀུང་སི། ཀྲུང་གོའི་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུགས་དངུལ་འཇོག་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་འབྲི་ཆུ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་ཀྱི་ནུས་ཁུངས་དངུལ་འཇོག་ཚོགས་པའི་འགན་འཁྲི་ཚད་ཡོད་ཀུང་སི། ཀྲུང་གོའི་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་མཉམ་འབྲེལ་དྲ་རྒྱ་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་སྒུལ་བདེ་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་སྲུང་སྐར་དྲ་རྒྱ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་གློག་རྡུལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་རྫས་འགྱུར་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོའི་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་གསོག་འཇོག་འབྲུ་རིགས་དོ་དམ་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྲུང་དབྱང་གི་དོ་དམ་ཁེ་ལས་30ཡི་ཏང་ཙུའུ་ལ་རྒྱུན་ལྡན་གྱི་སྐོར་ཞིབ་བྱ་རྒྱུ་དང་། ཀྲུང་གོའི་དངུལ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོའི་ཀོང་ཏཱ་ཚོགས་པའི་མ་རྐང་ཀུང་སི། ཀྲུང་གོའི་མི་དམངས་འགན་བཅོལ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་སོགས་ཀྲུང་དབྱང་གི་དོ་དམ་དངུལ་རྩའི་ཁེ་ལས་5ཡི་ཏང་ཨུ་ལ་“ཕྱིར་མིག་ལྟ་བའི་”སྐོར་ཞིབ་བྱེད་སྒོ་སྤེལ་རྒྱུ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ལ་བབ་བསྟུན་སྐོར་ཞིབ་བྱ་རྒྱུ་རེད།