འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་སྐམ་ཐོག་གྲོང་ཚོའི་གསར་བརྗེའི་ལོ་རྒྱུས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སྐམ་ཐོག་གྲོང་ཚོའི་གསར་བརྗེའི་ལོ་རྒྱུས།
   ལོ་ངོ་64ཡི་གོང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག  དམངས་གཙོའི་བཅོས་སྒྱུར་རླབས་པོ་ཆེ་བྱས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད། 
   “ཀྲུང་གོ་གུང་ཁྲན་ཏང་ཕེབས་པ་ནས་དཀའ་སྡུག་བདེ་བར་གྱུར་སོང་”སྙམ་པར་བྱེད་པ་ནི་བོད་ཀྱི་ཞིང་བྲན་ཁྲི་བརྒྱའི་ཚོར་བ་ཟབ་མོ་དེ་ཡིན་ཞིང་། “གུང་ཁྲན་ཏང་གི་བཀའ་དྲིན་ནི་གནམ་ས་གཉིས་ལས་ཀྱང་ཡངས་པ་”འདི་ནི་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཐུན་མོང་གི་སེམས་ཚུལ་རེད། བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་64འཁོར་བའི་མཚམས་འདིར། 
བོད་ལྗོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་དེ། མི་རིགས་ཁག་གི་མང་ཚོགས་ཚོའི་ད་ཆའི་བདེ་སྐྱིད་འཚོ་བ་དང་རྒྱང་སྐྱོད་གསར་པའི་དུས་རབས་ཀྱི་རྣམ་པ་ཟིན་ཐོར་འགོད་རྒྱུ་ཡིན། 
   དེ་རིང་ཁྱེད་རང་ཁྲིད་ནས། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་ཁོངས་སྐམ་ཐོག་གྲོང་ཚོའི་གསར་བརྗེའི་ཤུལ་འཛིན་གྱི་དམིགས་བསལ་འཛིན་གྲྭའི་ཚོགས་འདུ་ཞིག་ཉམས་སུ་བསྟར་དུ་ཨང་། 
【1】  【2】  【3】  【4】
གྲོང་ཚོར་འཛུལ་སའི་མཚམས་ན། དམག་སྡེ་བཅོ་བརྒྱད་པས་གཙང་པོ་སྒྲོལ་བའི་དྲན་གསོ་ཁང་ཡོད་པ་དེ་གྲང་ངར་ཆེ་བའི་དགུན་དུས་ཤིག་སྒྲོལ་རྗེས། ཟླ་3ཚེས་28ཉིན་སླར་ཡང་སྒོ་ཕྱེ་བ་རེད།
གྲོང་ཚོར་འཛུལ་སའི་མཚམས་ན། དམག་སྡེ་བཅོ་བརྒྱད་པས་གཙང་པོ་སྒྲོལ་བའི་དྲན་གསོ་ཁང་ཡོད་པ་དེ་གྲང་ངར་ཆེ་བའི་དགུན་དུས་ཤིག་སྒྲོལ་རྗེས། ཟླ་3ཚེས་28ཉིན་སླར་ཡང་སྒོ་ཕྱེ་བ་རེད།