འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་དང་མཚོ་སྔོན་གྱིས་སི་ཁྲོན་དང་མཚོ་སྔོན་གྱི་ས་ཆ་གཞན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ས་ཆ་གཞན་དུ་འཛད་སྤྱོད་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་པའི་སྦྲེལ་ཟམ་དང་ཐབས་ལམ་རང་འགུལ་ངང་གཏོད་ཆེད། སི་ཁྲོན་དང་མཚོ་སྔོན་གྱིས་སི་ཁྲོན་དང་མཚོ་སྔོན་གྱི་ས་ཆ་གཞན་གྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལམ་སྲོལ་བཙུགས་པ་དེས་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་མཉམ་དུ་གཏོད་རྒྱུར་ཕན་པ་དང་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔར་བས་འདོན་སྤེལ་ཐུབ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སི་ཁྲོན་ཞིང་ཆེན་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》གཞིར་བཟུང་མཉམ་དུ《སི་ཁྲོན་དང་མཚོ་སྔོན་གྱི་ས་ཆ་གཞན་དུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
     གསར་འགོད་པས་ཤེས་རྟོགས་བྱས་པར། སི་ཁྲོན་དང་མཚོ་སྔོན་གྱི་ས་ཆ་གཞན་གྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལམ་སྲོལ་གྱིས་རང་འགུལ་ངང་ས་ཆ་གཉིས་ཀྱི་འཛད་སྤྱོད་ཁྱད་ཆོས་དང་ཁེ་དབང་སྲུང་སྐྱོང་དཀའ་གནད་དང་ཟུང་འབྲེལ་བྱས་ནས་འཛད་སྤྱོད་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་བྱེད་རྒྱུ་རེད། ཡུལ་གཞན་གྱི་འཛད་སྤྱོད་པའི་ཞུ་གཏུག་གནད་དོན་དུས་ཐོག་ཏུ་གཞན་སྒྱུར་བྱེད་པའི་ཐད། ས་ཆ་གཉིས་ཀྱི་འཛད་སྤྱོད་པས་སི་ཁྲོན་དང་མཚོ་སྔོན་ས་ཁོངས་ནས་ཚོང་ཟོག་ཉོ་བའམ་ཡང་ན་ཞབས་ཞུ་དང་ལེན་བྱས་པར་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཚེ། མི་དེ་རང་གནས་སྡོད་ཁུལ་དུ་ཞུ་གཏུག་རྒྱག་ཆོག་གི་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་སི་ཁྲོན་ཞིང་ཆེན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཆ་གཞན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། ས་ཆ་གཞན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་དོན་འཁྱོལ་བྱས་ཚུལ་ལ་དུས་ཐོག་ཏུ་དོ་ཁུར་བྱས་ནས་དེ་བས་བདེ་འཇཌ་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་དང་དེ་བས་སྟབས་བདེ་བའི་ཁེ་དབང་སྲུང་སྐྱོང་ཐབས་ལམ་མཉམ་དུ་གཏོད་རྒྱུ་རེད།