འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“རྒྱུགས་ཤིག·ན་གཞོན་ཚོ”ཞེས་པའི་ཐུང་རྒྱུག་མར་སུན་འགྲན་ བསྡུར་མཚོ་སྔོན་གྱི་སྟོང་སྐོར་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ“རྒྱུགས་ཤིག·ན་གཞོན་ཚོ”ཞེས་པའི་2023ལོའི་ཉི་ཟླ་ཉག་གའི་འདབས་ཀྱི་ཐུང་རྒྱུག་མར་སུན་འགྲན་བསྡུར་འགོ་ཚུགས་ཤིང་། རྒྱུག་ཤར་གློད་རྒྱུར་དགའ་མཁན་300ལྷག་ཙམ་གནའ་གྲོང་དུ་འཛོམས་ནས་ལུས་རྩལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་རེད།
     ད་ཐེངས་ཀྱི་འགྲན་བསྡུར་ལ་སྤྱི་ལེ་4ཡི་སྤྲོ་སྐྱིད་རྒྱུག་ཤར་དང་། སྤྱི་ལེ་6གི་བདེ་ཐང་རྒྱུག་ཤར། སྤྱི་ལེ་12ཀྱི་མྱུར་འགྲན་རྒྱུག་ཤར་བཅས་སུ་དབྱེ་ཡོད་ཅིང་། འགྲན་བསྡུར་བྱས་པ་བརྒྱུད། ཝང་པིན་དང་། ལིའུ་དབན་ལུང་། རྣམ་རྒྱལ་རྡོ་རྗེ་བཅས་ལ་སྤྱི་ལེ་4ཡི་སྤྲོ་སྐྱིད་རྒྱུག་ཤར་འགྲན་བསྡུར་ནང་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། མེ་རྡོ་རྗེ་དང་། ཐན་ཆི་ཧྥང་། ཀུའོ་ལན་དབྱིང་བཅས་ལ་སྤྲོ་སྐྱིད་རྒྱུག་ཤར་འགྲན་བསྡུར་ནང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། ཝང་ཤིན་དང་། ཝང་ལུང་། དབྱིང་ཙུང་མིང་བཅས་ལ་སྤྱི་ལེ་6ཡི་བདེ་ཐང་རྒྱུག་ཤར་འགྲན་བསྡུར་ནང་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། གཡང་མོ་ཆོས་སྒྲོན་དང་། ལིའུ་ཧན་ལིན། ཝུའུ་ཅི་སི་ཀུའུ་ལེང་བཅས་ལ་བདེ་ཐང་རྒྱུག་ཤར་འགྲན་བསྡུར་ནང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། ཝུའུ་ཞའོ་ཀང་དང་། དོན་གྲུབ་རྒྱལ། སུན་ཁྲང་ཀྲུང་བཅས་ལ་སྤྱི་ལེ་12ཀྱི་མྱུར་འགྲན་རྒྱུག་ཤར་ནང་སྐྱེས་པའི་ཚོགས་ཆུང་གི་མདུན་གྲས་ཀྱི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ། རྡོ་རྗེ་ཚེ་རིང་དང་། ཟླ་བ་སྒྲོལ་མ། ཧུའུ་ཧྥ་ཅོན་བཅས་ལ་བུད་མེད་ཚོགས་ཆུང་གི་མདུན་གྲས་ཀྱི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་བཅས་རེད།
     སྟོང་སྐོར་རྫོང་གིས“ལུས་རྩལ་དང་ཡུལ་སྐོར”ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འགྲན་བསྡུར་བྱེད་སྒོ་དེ་རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ཡོད་ཅིང་། སྟོང་སྐོར་རྫོང་གི་འབྲེལ་ཡོད་འགན་འཁུར་བས། སྐབས་འདིའི་འགྲན་བསྡུར་ནི་རྫོང་འདི་གས་ལུས་རྩལ་འགྲན་བསྡུར་ཕུལ་བྱུང་དང་སྟོབས་ཆེར་གཏོང་བའི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་ཡིན་པས། སྤུས་ལེགས་ཀྱི་ལུས་རྩལ་ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་རྒྱུ་དང་། ལུས་རྩལ་ཁྲོམ་ར་འཁྲུག་ཏུ་གཏོང་རྒྱུ། ལུས་རྩལ་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།