འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྒྲིག་སྲོལ་གསར་པ་འདི་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས《དྲ་རྒྱའི་བརྡ་ཁྱབ་དོ་དམ་བྱེད་ཐབས》བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཤིང་། 2023ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
     ཀྲུང་གོའི་དྲ་རྒྱའི་བརྡ་ཁྱབ་ལས་རིགས་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་དང་། འཕེལ་ཕྱོགས་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་ཆེད། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་2016ལོར་གཏན་འབེབས་བྱས་པའི《དྲ་རྒྱའི་བརྡ་ཁྱབ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ལ་བཟོ་བཅོས་བརྒྱབ་ནས་འཐུས་ཚང་བཏང་བ་རེད། ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་གསར་གཏོད་དང་། གསར་དུ་ཁྱབ་བསྒྲགས་བྱས་པའི་བྱེད་ཐབས་ཀྱིས་དྲ་རྒྱའི་བརྡ་ཁྱབ་ཀྱི་འབྲེལ་ཡོད་གཉེར་སྐྱོང་གི་བྱེད་པོའི་འགན་འཁྲི་སྔར་ལས་ཞིབ་ཕྲ་བཟོས་པ་དང་། བྱ་སྤྱོད་ཚད་གཞི་ཁ་གསལ་བཟོས་བ། ལྟ་སྐུལ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དྲ་རྒྱའི་བརྡ་ཁྱབ་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་གྲངས་འཛིན་དཔལ་འབྱོར་ཚད་ལྡན་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
     བྱེད་ཐབས་ནང་བརྡ་ཁྱབ་ཀྱི་བདག་པོ་དང་། དྲ་རྒྱའི་བརྡ་ཁྱབ་གཉེར་སྐྱོང་པ། ཁྱབ་བསྒྲགས་པ། དྲ་སྦྲེལ་གྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་པ་བཅས་ཀྱི་འགན་འཁྲི་སྔར་ལས་ཁ་གསལ་བཟོས་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་ཧུར་ཐག་བསློགས་ནས་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་སྒེའུ་ཁུང་བརྡ་ཁྱབ་དང་། ཁ་འབྱེད་བརྡ་ཁྱབ། རིག་ནུས་སྒྲིག་ཆས་སྤྱད་དེ་བརྡ་ཁྱབ་སྤེལ་བ་སོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། “མཉེན་ཡིག་བརྡ་ཁྱབ”དང་། སྦྲེལ་མཐུད་ཅན་གྱི་དྲ་རྒྱའི་བརྡ་ཁྱབ། རིན་གོང་འགྲན་རྩོད་ཀྱི་ཨང་རིམ་བརྡ་ཁྱབ། རྩི་ཐབས་འོས་སྦྱོར་བཅས་ཀྱི་བྱེད་ཐབས་ཐོག་ནས་བརྡ་ཁྱབ་སྤེལ་བ། དྲ་རྒྱའི་ཐད་གཏོང་ཐོག་ནས་བརྡ་ཁྱབ་སྤེལ་བ། རྣམ་པ་འགྱུར་བའི་ཐོག་ནས་བརྡ་ཁྱབ་སྤེལ་བར་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པའི་བརྡ་ཁྱབ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བརྡ་ཁྱབ་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ཞིབ་ཚགས་སུ་བཏང་བ། བརྡ་ཁྱབ་ཀྱི་མགྲིན་ཚབ་པ་བདག་སྐྱོང་བྱེད་ཁོངས་ཀྱི་གཏན་འབེབས་གསར་སྣོན་བྱས་ཡོད་པས། དྲ་རྒྱའི་བརྡ་ཁྱབ་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད་ལ། དྲ་སྦྲེལ་གྱི་མཚམས་སྦྱོར་བརྡ་ཁྱབ་ལས་རིགས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བར་འགུལ་ནུས་གསར་པའང་འདོན་སྤྲོད་བྱས་ཡོད།
     ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། དྲ་རྒྱའི་ལས་སྟེགས་ཀྱི་ཁེ་ལས་དང་འབྲེལ་ཡོད་བརྡ་ཁྱབ་གཉེར་སྐྱོང་བྱེད་པོ་སྲིད་འཛིན་ཐོག་ནས་མཛུབ་ཁྲིད་ཡག་པོ་བྱས་ཏེ། དྲ་རྒྱའི་བརྡ་ཁྱབ་ལ་ལྟ་སྐུལ་དོ་དམ་བྱེད་ནུས་དང་ལས་རིགས་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་། རིགས་ཁག་གི་བརྡ་ཁྱབ་གཉེར་སྐྱོང་བྱེད་པོ་ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། ཕན་འབྲས་ཆེ་བའི་ལྟ་སྐུལ་དོ་དམ་གྱི་ནུས་པར་བརྟེན་ནས་དྲ་རྒྱའི་བརྡ་ཁྱབ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།