འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་མི་སྣ་འདི་དག་དང་ཐུག་འཕྲད་བྱས་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིའི་མི་སྣ་འདི་དག་དང་ཐུག་འཕྲད་བྱས་པ།
   2023ལོའི་ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཆིན་ཀང་གིས་པེ་ཅིང་དུ་འཚམས་འདྲིར་ཕེབས་པའི་ཨ་རིའི་མཛའ་མཐུན་ཚོགས་པ་དང་བཟོ་ཚོང་ལས་རིགས་ཀྱི་མི་སྣར་ཐུག་འཕྲད་བྱས་པ་རེད། 
   ཆིན་ཀང་གིས་ཨ་རིའི་མཛའ་མཐུན་ཚོགས་པ་དང་བཟོ་ཚོང་ལས་རིགས་ཀྱི་མི་སྣ་ཚོ་དཔྱིད་ཀྱི་དཔལ་ཡོན་རྒྱས་དུས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སླར་ཡང་འདེམས་ཤོག་ཆ་ཚང་ཐོབ་ནས་མུ་མཐུད་བདམས་ཐོན་བྱུང་བ་དང་། ཀྲུང་གོའི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས་བརྟན་པོར་རྒྱུན་འཁྱོངས་ཐུབ་ཡོད་པ། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་སྐུལ་འདེད་བཏང་ནས་སྒོ་མོ་འབྱེད་ཚད་ཇེ་ཆེར་གཏོང་རྒྱུ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱིས“བསྐྱར་སློང་”མཐེབ་གཞོང་མནན་ནས་སླར་གསོ་ཆེན་པོ་བསུ་བཞིན་ཡོད་པ་བཅས་ནི་ཨ་རིའི་བཟོ་ཚོང་ལས་རིགས་ལ་ཕན་པ་ཆེན་པོ་གསུམ་ལྡན་ཡོད། འོན་ཀྱང་མི་རྣམས་བློ་ཕམ་དགོས་པ་ཞིག་ལ་མིག་སྔར་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་སྔར་བཞིན་ཅུང་ཛ་དྲག་ཡིན་བསྟན་ཡོད།
   ཆིན་ཀང་གིས་ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཤིག་རེད། ཀྲུང་ཨའི་འབྲེལ་བ་ཡག་པོ་བྱུང་ཚེ་འཛམ་གླིང་ལ་ཕན་པ་ཐོབ་རྒྱུ་རེད། དེ་ལས་ལྡོག་ན་འཛམ་གླིང་ལ་ཆག་སྒོ་ཡོང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སྐྱོན་བྲལ་དང་། བརྟན་བརླིང་། དགེ་མཚན་ལྡན་པ་བཅས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྣམ་འགྱུར་ལ་འགྱུར་ལྡོག་བཏང་མེད་པ་དང་། ཀྲུང་ཨའི་དབར་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་འདོད་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད། ཀྲུང་ཨའི་འབྲེལ་བ་བཟང་པོ་འཕེལ་རྒྱས་གཏོང་བར་ཨ་རི་ཕྱོགས་ཀྱིས་ཕྱོགས་མཐུན་དུ་བསྐྱོད་དགོས། ཨ་རི་ཕྱོགས་ཀྱིས་བསྡོམས་སྟོང་གི་བསམ་བློ་དོར་ནས། ཐབས་ངན་གང་ཡོད་སྤྱད་དེ་ཀྲུང་གོར་རྡུང་རྡེག་གཏོང་རྒྱུ་བཀག་འགོག་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་ཨའི་འབྲེལ་བར་མིག་སྔའི་དཀའ་ངལ་ཁྱད་གསོད་བྱས་ཏེ་སྐྱོན་བྲལ་དང་བརྟན་བརླིང་གི་བགྲོད་ལམ་ཐོག་བསྐྱར་དུ་ལོག་རྒྱུའི་རེ་བ་ཡོད་ཅེས་དང་། ཨ་རིའི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཀྲུང་གོར་གཞི་ཚུགས་རྒྱུར་མུ་མཐུད་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་དེ་བས་ཡག་པོ་ཞིག་མུ་མཐུད་གཏོད་འདོད་ཡོད་ཅེས་བརྗོད། 
   ཨ་རི་ཕྱོགས་ཀྱི་མི་སྣས་ད་ཐེངས་ཀྱི་འཚམས་འདྲིར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མྱོང་ཚོར་ཟབ་མོ་བྱུང་ལ་ཀྲུང་གོ་མི་དམངས་ཀྱིས་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་ཀྱང་མྱོང་ཚོར་ཟབ་མོ་བྱུང་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྟེན་རེས་བྱས་པས་མིག་སྔར་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འགག་རྩའི་དུས་སྐབས་སུ་གནས་ཡོད། ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་པོ་ཕན་ཚུན་ཁེར་རྐྱང་གི་ཕྱོགས་སུ་གྱར་བ་དང་གདོང་ཐུག་བྱུང་བར་སྔོན་འགོག་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཨ་རི་དང་ཀྲུང་གོའི་དབར་ངོ་འཕྲད་འབྲེལ་གཏུག་མང་དུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨ་ཀྲུང་བར་གྱི་དུས་གཏན་གནམ་གྲུའི་གྲངས་འབོར་སྔར་བས་མང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་སྤེལ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་མ་འཇོག་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་པ་བསྟན། 
༄༅།།ཨ་རིའི་མི་སྣ་འདི་དག་དང་ཐུག་འཕྲད་བྱས་པ།