༄༅།།འགོ་ཁྲིད་འདི་གཉིས་ལ་བརྟག་དཔྱད་བྱས་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་27ཉིན། 15:00】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་འགྲན་བསྡུར་པུའི་པུའུ་ཀྲང་ཧོང་སུང་གིས་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱས།
ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་འགྲན་བསྡུར་པུའི་པུའུ་ཀྲང་ཧོང་སུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ཅིང་། མིག་སྔར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧུའུ་པེ་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཕིང་གིས་ལྟ་ཞིབ་དང་བརྟག་དཔྱད་དང་ལེན་བྱས།
ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཕིང་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ཅིང་། མིག་སྔར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧུའུ་པེ་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།