འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་དམག་གིས་སྔར་བཞིན་རྡོ་སྣུམ་བརྐུ་བར་ཕྱིན་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   སི་རི་ཡའི་འཕྲིན་སྤེལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་25ཉིན། སི་རི་ཡར་བཅའ་སྡོད་ཨ་རིའི་དམག་མིས་དམག་དོན་ལྕགས་ཁྲབ་རླངས་འཁོར8ཀྱི་སྲུང་སྐྱེལ་ལ་བརྟེན་ནས་རླངས་འཁོར་140སི་རི་ཡའི་ཧ་སའེ་ཁེ་ཞིང་ཆེན་བརྒྱུད་དབྱི་རག་ཏུ་སོང་འདུག 
   ཤེས་རྟོགས་བྱུང་བར་གཞིགས་ན། རླངས་འཁོར་རུ་ཁག་དེའི་ནང་། སྣུམ་ཟོམ་རླངས་འཁོར་80ཡོད་པ་དང་། སི་རི་ཡའི་སྣུམ་ཞིང་ནས་བརྐུས་པའི་རྡོ་སྣུམ་བླུགས་ཡོད། གཞན་ཡང་ལྗིད་ཐེག་རླངས་འཁོར་60ཡི་ནང་དམག་དོན་སྒྲིག་ཆས་དང་དངོས་ཟོག་གཞན་དག་བླུགས་ཡོད་པ་རེད། རླངས་འཁོར་རུ་ཁག་དེ་ཁྲིམས་དང་འགལ་ཏེ་ཝ་ལི་ཏེ་མངའ་ཁོངས་བརྒྱུད་དབྱི་རག་ཏུ་བསྐྱོད་པ་རེད།