འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་རྒྱལ་ཁབ་འདི་དང་ཕྱི་འབྲེལ་འབྲེལ་བ་བཙུགས་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོས་རྒྱལ་ཁབ་འདི་དང་ཕྱི་འབྲེལ་འབྲེལ་བ་བཙུགས་འདུག
     ཟླ་3ཚེས་26ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཆིན་ཀང་གིས་པེ་ཅིང་དུ་ཧོང་ཏུ་ར་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ནཱ་དང་གྲོས་མོལ་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས》ལ་མིང་རྟགས་ཀྱང་བཀོད་པ་རེད། ནང་དོན་གཙོ་བོ་གཤམ་གསལ།
     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་མི་དམངས་ཀྱི་ཁེ་ཕན་དང་རེ་འདོད་ལྟར། སྤྱི་བསྒྲགས་འདིར་མིང་རྟགས་བཀོད་ཉིན་ནས་བཟུང་ཕན་ཚུན་ཁས་བླངས་པ་དང་། གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་ཐག་ཀྱང་བཅད།
     རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཕན་ཚུན་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་མོས་མཐུན་བྱས་པ་རེད།
     ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་མ་གཏོགས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་མཚོན་ཁྲིམས་མཐུན་སྲིད་གཞུང་ཉག་ཅིག་ཡིན་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཡིན་པ་ཁས་ལེན་བྱས་པ་རེད། ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཉེ་ཆར་ཐའེ་ཝན་དང་“ཕྱི་འབྲེལ་གྱི་འབྲེལ་བ་”བཅད་པ་མ་ཟད། ཐའེ་ཝན་དང་གཞུང་ཕྱོགས་ཀྱི་འབྲེལ་བ་གང་ཡང་མི་བྱེད་པ་དང་། གཞུང་ཕྱོགས་ཀྱི་འགྲོ་འོང་གང་ཡང་མི་བྱེད་པའི་ཁས་བླངས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་གོང་གསལ་ལངས་ཕྱོགས་ལ་བསྔགས་བརྗོད་བྱས་པ་རེད།