འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་རིགས་གཅིག་མཁས་ཅན་ཨུ་ལྷན་དངོས་སུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་རིགས་གཅིག་མཁས་ཅན་ཨུ་ལྷན་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྒྱལ་ནང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་རིགས་གཅིག་མཁས་ཅན་ཨུ་ལྷན་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
     མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་རིགས་གཅིག་མཁས་ཅན་ཨུ་ལྷན་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཝུའེ་ཕུའུ་ཝུན་དང་ཁྲེན་ཧྥ་ཧུའུ་གཉིས་ཀྱིས་སྣེ་ཁྲིད་པ་དང་རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་། སྐྱེ་ཁམས་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ས་ཆ། སྤྱི་ཚོགས་དཔལ་འབྱོར། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་15ལས་གྲུབ་པ་ཞིག་རེད། དེར་རིམ་པ་མཐོ་བ་དང་། ཁྱབ་ཁོངས་རྒྱ་ཆེ་བ། མཚོན་བྱེད་རང་བཞིན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་འོས་འགན་གཞིར་བཟུང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར། ཚད་གཞི་མཐོ་པོའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་སྐོར་གྱི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ཀྱི་ལག་རྩལ་རྒྱབ་སྐྱོར་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་ཞབས་འདེགས་ཡག་པོ་སྒྲུབ་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཕེལ་རྒྱས་འཐབ་ཇུས་དང་། འཕེལ་རྒྱས་འཆར་འགོད། རང་བྱུང་སྲུང་སྐྱོང་ས་ཆའི་ལེགས་གཏོང་ལེགས་སྒྲིག རྣམ་གྲངས་གལ་ཆེན་སོགས་འབྲེལ་ཡོད་སྲིད་ཇུས་དང་གནད་དོན་ལ་གྲོས་འགོ་འདོན་པ་བཅས་བྱས་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ཀྱི་འབྲེལ་ཡོད་ཞིབ་འཇུག་བྱ་གཞི་གལ་ཆེན་གྱི་ཚན་རིག་ཞིབ་འཇུག་དང་། གྲུབ་འབྲས་གལ་ཆེན་ལ་རིགས་པས་ཁུངས་སྐྱེལ། དེ་བཞིན་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་འགོ་ཁྲིད་ཚོགས་ཆུང་གིས་བཀོད་སྒྲིག་བྱས་པའི་བྱ་བ་གལ་ཆེན་གཞན་དག་གི་རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་ལས་དོན་གྱི་འགན་འཁུར་རྒྱུ་རེད།