འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་མི་འདི་དག་ལ་གཞུང་རྒྱུཊ་ཐོག་སྐར་མ་སྣོན་ཆོག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་24ཉིན། 17:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་ངང་གཞུང་ལས་པར་བསྡུ་བའི་སྤྱི་བསྒྲགས》ཀྱི་བླང་བྱ་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཐིང་གི་ཞིབ་དཔྱད་བྱས་འབྲས་ལ་གཞིགས་ནས། 《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་གཞུང་ལས་པར་རྒྱུགས་སྤྲོད་པའི་སྐར་སྣོན་སྲིད་ཇུས་དང་མཐུན་པའི་སློབ་ཆེན་སློབ་་མའི་དམག་ཞབས་ཐིམས་པའི་དམག་མིའི་མིང་ཐོ》ཡོངས་བསྒྲགས་བྱ་རྒྱུ་དང་། ཡོངས་བསྒྲགས་དུས་ཚོད་ནི་ལས་ཞག་5ཡིན། 
     གལ་ཏེ་ཡོངས་བསྒྲགས་མིང་ཐོར་བསམ་འཆར་ཡོད་ཚེ། ལས་ཀའི་ཉིན་གྲངས་5ཡི་ནང་རང་སྐྱོང་ལྗོངས་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཐིང་གི་ལས་ཞུགས་ལས་གཏོད་ཁྲུའུ་ལ་གནས་ཚུལ་ཡར་ཞུ་བྱེད་དགོས། ཁ་པར་ཨང་གྲངས་0891-6569927ཡིན།