འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་བྱང་ཁུལ་གྱི་སྐབས་དང་པོའི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བོད་སྨན་ཆེད་ལས་ཀྱི་
འབྲིང་རིམ་བསླབ་གནས་གྲྭ་བཙུན་འཛིན་གྲྭའི་སློབ་མགོ་བརྩམས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་24ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་བྱང་ཁུལ་གྱི་སྐབས་དང་པོའི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བོད་སྨན་ཆེད་ལས་ཀྱི་
འབྲིང་རིམ་བསླབ་གནས་གྲྭ་བཙུན་འཛིན་གྲྭའི་སློབ་མགོ་བརྩམས།
   ཟླ3པའི་ཚེས23ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱི་སྐབས་དང་པོའི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བོད་སྨན་ཆེད་ལས་ཀྱི་འབྲིང་རིམ་བསླབ་གནས་གྲྭ་བཙུན་འཛིན་གྲྭའི་སློབ་མགོ་རྩོམ་པའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་ཤིང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ཟླ་བ་ཚེ་རིང་དང་། ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་རིན་ཆེན་དོན་གྲུབ། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཞང་ཏུང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པའམ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་རྒྱ་མཚོ་བཅས་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས། མགོན་པོ་ཚེ་བརྟན་གྱིས་གསུང་བཤད་གནང་བ་དང་། ལི་ཞང་ཏུང་གིས་གཙོ་སྐྱོང་གནང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སྤྱི་ཚོགས་ལས་དོན་ཁྲུའུ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། རྫོང་བཞིའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་སློབ་མ51ལྷག་ཞུགས།    
   སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་། མགོན་པོ་ཚེ་བརྟན་གྱིས་མཚོ་བྱང་ཁུལ་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བོད་སྨན་ཆེད་ལས་ཀྱི་འབྲིང་རིམ་བསླབ་གནས་གྲྭ་བཙུན་འཛིན་གྲྭ་གཉེར་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་མཚོ་བྱང་གི་འཚོལ་ཞིབ་ཅིག་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པའི་མཚོ་བྱང་གི་བྱེད་ཐབས་ཤིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་མཚོ་བྱང་གི་ལག་ལེན་ཞིག ཁུལ་ཡོངས་ཀྱི་གྲྭ་བཙུན་གྱི་བསམ་འདུན་དང་ཟུང་འབྲེལ་བྱས་ཏེ་མཚོ་བྱང་ཁུལ་གྱི་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་མཚོ་བྱང་གི་བྱས་རྗེས་ཤིག་རེད། དེས་མཚོ་བྱང་གིས་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་དང་། མི་རིགས་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། དགོན་སྡེའི་རང་གསོའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གསར་གཏོད་ཀྱི་གོམ་སྟབས་སྤོས་པ་མཚོན་ཡོད་པར་བསྟན།
   མགོན་པོ་ཚེ་བརྟན་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་མུ་མཐུད་ཤུགས་སྣོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་བཅས་བརྟན་དུ་གཏོང་དགོས་ལ། རྗེ་ཙོང་ཁ་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་བ། དགེ་བཤེས་ཤེས་རབ་རྒྱ་མཚོ། ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པ་བཅས་མིག་དཔེར་བྱས་ཏེ། ནང་བསྟན་རིག་པ་དང་བོད་ལུགས་གསོ་རིག་གི་གསུང་རབ་ལ་ཞིབ་འཇུག་སློབ་སྦྱོང་ཧུར་ཐག་བྱས་ནས་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཆོས་ལུགས་ཀྱི་ཁུར་པོ་ཡང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ཉམས་ལེན་དངོས་སྒྲུབ་དང་ཤེས་སྤྱོད་ཟུང་འབྲེལ་ཧུར་ཐག་བྱེད་དགོས་ལ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་བར་འཁོད་ཆེད་བློ་གྲོས་དང་སྟོབས་ཤུགས་དབུལ་དགོས་ལ། ལས་རིགས་སློབ་གསོའམ་གསོ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་ནས་གྲྭ་བཙུན་ཚོས་ལས་རིགས་རྩལ་ནུས་ལ་རྒྱུས་མངའ་ལོན་པ་དང་ཁོང་དུ་ཆུད་རྒྱུར་རོགས་རམ་བྱས་ཏེ། དགོན་སྡེའི་རང་གསོ་དང་མི་སྒེར་གྱི་ཡོང་འབབ་འཕར་སྣོན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྱིམ་ཚང་དང་དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་བླང་བྱ་བཏོན།
   མགོན་པོ་ཚེ་བརྟན་གྱིས་འབྲིང་རིམ་ལས་རིགས་བསླབ་གནས་ཀྱི་གྲྭ་བཙུན་འཛིན་གྲྭ་གཉེར་བ་དེའང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་བཞིན་ཡོད་ལ། སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་དྲང་སྲུང་གསར་གཏོད། འཚོལ་ཞིབ་དང་ལག་ལེན་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སློབ་གྲྭ་སྒྲུབ་པ་དང་ཁྱད་ཆོས་ལྡན་པ། ཕན་འབྲས་དངོས་ཐོན་པར་བྱས་ནས་ཀྲུང་ཧྭའི་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།
   སློབ་མགོ་རྩོམ་པའི་མཛད་སྒོའི་ཐོག་སློབ་མའི་འཐུས་ཚབ་པ་ཁོ་ཚེ·བློ་བཟང་བཟོད་པ་རྒྱ་མཚོས་གཏམ་བཤད་གནང་།