འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

མ་ལ་ཝེ་དང་མོ་ཙམ་པི་ཁེར་ཚ་ཁུལ་རླུང་འཁོར་དྲག་པོའི་གནོད་འཚེ་ཕོག་པ། 

༄༅།།ཞི་ཅིན་ཕིང་གིས་མ་ལ་ཝེའི་ཙུང་ཐུང་ཁྲ་ཁེ་ཝུའེ་ལཱ་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་ལ་སེམས་
གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་24ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལ་ཝེ་དང་མོ་ཙམ་པི་ཁེར་ཚ་ཁུལ་རླུང་འཁོར་དྲག་པོའི་གནོད་འཚེ་ཕོག་པར་མ་ལ་ཝེའི་ཙུང་ཐུང་ཁྲ་ཁེ་ཝུའེ་ལཱ་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་ཁག་སོ་སོར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
   ཞི་ཅིན་ཕིང་གིས། ཚ་ཁུལ་རླུང་འཁོར“ཧྥུའུ་ལེའུ་ཏི”མ་ལ་ཝེ་དང་མོ་ཙམ་པི་ཁེར་ལྡང་ནས་མི་སྣ་ཤི་རྨས་ཚབས་ཆེན་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན་ལ། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་རྒྱལ་ཁབ་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པ་ཡིད་ཆེས་ཡོད་ཅེས་གསུངས་ཡོད།