འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སློབ་གསོ་པུས་གསར་དུ་བསྣན་པའི་ཆེད་ལས་153བསྒྲཊ་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་23ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། སློབ་གསོ་པུས《2023ལོའི་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་ཐོ་འགོད་དང་ཞིབ་མཆན་གྱི་འབྲས་བུ་ཁྱབ་བསྒྲགས་བྱ་རྒྱུའི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་གསར་དུ་བསྣན་པའི་རྒྱལ་ཁབ་ཀྱི་ཚོད་འཛིན་ཆེད་ལས་ས་ཚིགས་153ཡོད་པ་དང་། ད་ལོ་ནས་བཟུང་སློབ་མ་བསྡུ་ཆོག་གི་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཚོད་ཆེད་ལས་ནི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆེད་ལས་ཡིན་པ་དང་། མཐོ་སློབ་ཀྱིས་ཆེད་ལས་དེ་དག་འཛུགས་རྒྱུའི་རེ་ཞུ་བྱེད་པར་སློབ་གསོ་པུས་ཞིབ་མཆན་འགོད་དགོས། རྒྱུན་དུ་མཐོང་རྒྱུ་ཡོད་པ་རིགས་གཉིས་སུ་དབྱེ་ཡོད་པ་སྟེ། རིགས་གཅིག་ནི“ཀུན་གྱིས་དོ་སྣང་བྱེད་པའི”ཆེད་ལས་ཡིན་པ་དང་། སློབ་གྲྭ་མང་པོས་བཙུགས་ཡོད། སློབ་བསྡུའི་གྲངས་འབོར་མང་ཞིང་། བཀོད་སྒྲིག་ངེས་ཅན་བྱེད་དགོས། དཔེར་ན།  ནོར་དཔལ་རིགས་དང་། རྩིས་གཉེར། དངུལ་རྩ་སོགས་ཆེད་ལས་ཡིན་པ་དང་། ད་དུང་རིགས་གཅིག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། དམིགས་བསལ་ལས་རིགས་བཅས་དང་འབྲེལ་བ་ཡོད་པའི་ཆེད་ལས་ཡིན་ཞིང་། ཆེད་ལས་རང་བཞིན་ཆེ་བས་ཆ་རྐྱེན་དང་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་དགོས། དཔེར་ན། གསོ་རིག་རིགས་དང་། དགེ་འོས་རིགས། སྤྱི་བདེ་རིགས། ཁྲིམས་འཛིན་རིགས་སོགས་ཀྱི་ཆེད་ལས་ཡིན་པ་དང་། མིག་སྔར་ལས་རིགས་སློབ་གསོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚོད་འཛིན་ཆེད་ལས་དེ་དག་རིགས་བཞི་ལ་གཅིག་སྡུད་བྱས་ཡོད། 
     བསྡོམས་རྩིས་བྱས་པར་གཞིགས་ན། སློབ་གསོ་པུས་2023ལོར་མཐོ་རིམ་ལས་རིགས་སློབ་གྲྭའི་ཆེད་ལས་ཚན་ཁག་གསར་དུ་འཛུགས་རྩིས་ཡོད་པའི་རྒྱལ་ཁབ་ཚོད་འཛིན་ཆེད་ལས་ས་ཚིགས་328བདག་སྤྲོད་བྱས་པ་དང་། སྤྱི་བདེ་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སོགས་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། བཀོད་སྒྲིག་བྱ་རྒྱུར་མོས་མཐུན་བྱས་པའི་ཆེད་ལས་ཁག་153དང་། བཀོད་སྒྲིག་བྱ་རྒྱུར་མོས་མཐུན་མ་བྱུང་བའི་ཆེད་ལས་ཁག་173 ཡུལ་དངོས་སུ་དཔྱད་དཔོག་བྱེད་དགོས་པའི་ཆེད་ལས་ས་ཚིགས་2བཅས་ཡོད་ཅིང་། ཞིབ་བཤེར་མཆན་འགོད་ཀྱི་འབྲས་བུ་དེ་སློབ་གསོ་པུའི་སྲིད་དོན་ཞབས་ཞུ་དོ་དམ་སྟེགས་བུའི(དྲ་ཚིགས། gz.moe.gov.cn)ནང་འདྲི་རྩད་བྱེད་ཆོག ཞིབ་མཆན་བཀོད་ནས་བཙུགས་པའི་རྒྱལ་ཁབ་ཀྱི་ཚོད་འཛིན་ཆེད་ལས་ཀྱིས་2023ལོ་ནས་བཟུང་སློབ་མ་བསྡུ་ཆོག་གི་ཡོད་པ་རེད།