འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གངས་ལྗོངས་ཀྱི་བོད་གྲི་གྲགས་ཅན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་22ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ལྷ་རྩེ་རྫོང་སླེའུ་ཤང་རྫི་ལུང་གྲོང་ཚོར་ཚེ་བརྟན་དབང་རྒྱལ(གཡས)གྱིས་ཚ་བོར་བོད་གྲི་རྡུང་སྟངས་སློབ་བཞིན་པ།
འདི་ནི་ལྷ་རྩེ་རྫོང་སླེའུ་ཤང་རྫི་ལུང་གྲོང་ཚོར་ཚེ་བརྟན་དབང་རྒྱལ(གཡས)གྱིས་ཚ་བོར་བོད་གྲི་རྡུང་སྟངས་སློབ་བཞིན་པ།
     བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་བོད་གྲི་རྡུང་བའི་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། འདི་ལོ་ལོ་73ལ་སླེབས་པའི་ཚེ་བརྟན་དབང་རྒྱལ་ནི་ལྷ་རྩེའི་རྫི་ལུང་བོད་གྲིའི་ལག་ཤེས་པ་མི་རབས་དྲུག་པ་རེད། ལོ་བརྒྱ་ཕྲག་ཁ་ཤས་བརྒྱུད་རྫི་ལུང་བོད་གྲི་དེ་དམིགས་བསལ་གྱི་ལག་ཤེས་བཟོ་རྩལ་ཞིག་ཏུ་གྱུར་བ་མ་ཟད། རྡུང་བཟོ་ཡང་ཡང་བྱས་པའི་བོད་གྲི་ཧ་ཅང་རྣོ་པོ་ཡོད་པས་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པ་ཕུད། ད་དུང་གྲི་གཞན་ཡང་བརྡར་ཆོག་གི་ཡོད།
     2008ལོར་བོད་རིགས་ཀྱི་ལྕགས་བཟོའི་ལག་རྩལ(བོད་གྲི་རྡུང་བཟོའི་ལག་རྩལ)རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་ཚུད་ཡོད། ད་ཆ་ཚེ་བརྟན་དབང་རྒྱལ་གྱི་བུ་དང་ཚ་བོས་ཀྱང་ལག་རྩལ་དེ་རྒྱུན་འཛིན་བྱས་པས་བོད་གྲི་རྡུང་བཟོའི་ལག་རྩལ་བྱང་ཆུབ་པོ་ཡོད། རྫི་ལུང་གི་བོད་གྲི་གྲོང་ཚོ་ནས་ཐོན་ཏེ་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
འདི་ནི་ཚེ་བརྟན་དབང་རྒྱལ་གྱིས་བོད་གྲི་རྡུང་བཞིན་པ།
འདི་ནི་ཚེ་བརྟན་དབང་རྒྱལ་གྱིས་བོད་གྲི་རྡུང་བཞིན་པ།