འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《གོ་བདེ་དོན་ཟབ་ཀྱི་གསུང་། —ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》འདོན་
ཐེངས་གཉིས་པ། (ཨུ་རུ་སུའི་སྐད་ཡིག་གི་དཔར་མ)ཨུ་རུ་སུར་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་22ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་དེར《གོ་བདེ་དོན་ཟབ་ཀྱི་གསུང་།—ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》འདོན་ཐེངས་གཉིས་པ། (ཨུ་རུ་སུའི་སྐད་ཡིག་གི་དཔར་མ)ཨུ་རུ་སུའི་གཙོ་རྒྱུན་བརྙན་འཕྲིན་ལས་ཁུངས་ཁག་ཏུ་གཏོང་འགོ་ཚུགས་པ་རེད།
   《གོ་བདེ་དོན་ཟབ་ཀྱི་གསུང་།—ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》 འདོན་ཐེངས་གཉིས་པ(ཨུ་རུ་སུའི་སྐད་ཡིག་གི་དཔར་མ) དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག གླེང་མོལ་བཅས་རབ་དང་རིམ་པའི་ནང་དྲངས་པའི་ཀྲུང་གོའི་གནའ་དཔེ་དང་གྲགས་ཅན་གསུང་རབ་བདམས་སྒྲུག་བྱས་པ་དང་། “དངོས་སྒྲུབ”དང་། “ལྷག་བསམ་རྣམ་དག” “ཁ་དན་ཚིག་གནས” “མཉམ་སྤྱོད” “ལྗང་མདོག”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁྱེན་རྒྱ་ཡངས་ཤིང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་དམངས་རྩ་བར་འཛིན་པ་དང་འཇིག་རྟེན་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གསོན་ཉམས་དོད་པོས་མཚོན་པ། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ནང་འདུས་པའི་དུས་རབས་གསར་པའི་ནང་དོན་དང་གོ་ལ་ཧྲིལ་པོ་ཅན་གྱི་རིན་ཐང་བཅུད་ལེན་དང་འགྲེལ་བཤད་བརྒྱབ་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། 《གོ་བདེ་དོན་ཟབ་ཀྱི་གསུང་། —ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》དེ་ཨུ་རུ་སུ་དང་། དབྱིན་ཇི། རི་པིན། ཧན་གོ སི་ཕེན་སོགས་ཀྱི་སྐད་ཡིག་མང་པོའི་དཔར་མ་བཟོས་ནས་ཁྱབ་བསྒྲགས་བྱས་ཡོད།