འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཆུ་ཤུགས་དང་འོད་ནུས་ཕན་ཚུན་གསབ་རེས་ཀྱི་སྐས་རིམ་མཉམ་འབྲེལ་གློག་གཏོང་རྣམ་གྲངས་ཀྱི་གསར་གཏོད་གྲུབ་འབྲས་ལ་ཚན་རྩལ་གྲུབ་འབྲས་གསལ་འབྱེད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་21ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། གོ་ལ་ཧྲིལ་པོའི་ཆུ་ཤུགས་དང་འོད་ནུས་ཕན་ཚུན་གསབ་རེས་ཀྱི་སྐས་རིམ་མཉམ་འབྲེལ་གློག་གཏོང་རྣམ་གྲངས་ཀྱི་གསར་གཏོད་གྲུབ་འབྲས་ལ་ཚན་རྩལ་གྲུབ་འབྲས་གསལ་འབྱེད་ཐུབ་པ་དང་། རྣམ་གྲངས་དེས་རྒྱལ་ནང་གི་ཤུགས་ཚད་ཆ་ཚང་བའི་མྱུར་ཚད་འགྱུར་བའི་ཆུ་འཐེན་ནུས་གསོག་འཕྲུལ་ཚན་ཆ་ཚང་སྒྲིག་ཆས་དང་པོ་དེ་ཞིབ་བཟོ་བྱས་པ་དང་། སྔོན་དཔག་བྱས་ན་རིགས་གཅིག་པའི་སྒྲིག་ཆས་རིན་གོང་གི་20%ཡན་དམའ་བ་ཡོང་རྒྱུ་རེད།