འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དུར་ལམ་གྱི་བང་སོ་འདི་ལ་རྟོག་ཞིབ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།དུར་ལམ་གྱི་བང་སོ་འདི་ལ་རྟོག་ཞིབ་བྱས།
     སྦྲེ་ལུང་བང་སོའི་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་སྦྲེ་ལུང་ཤང་དུ་གནས་ཤིང་། 1982ལོར་གནའ་རྫས་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འ་ཞ-བོད་བཙན་པོའི་དུས་སྐབས(དུས་རབས་6པ་ནས་8པའི་བར)ཀྱི་བང་སོ་ཆེ་གྲས་ཤིག་ཡིན་པ་དང་། དེའི་ནང་2018ལོའི་ཞུའེ་ཝུའེ་རྟགས་ཅན་གྱི་བང་སོ་ཨང་དང་པོ་ནི་མཚོ་བོད་མཐོ་སྒང་དུ་ཤེས་རྟོགས་བྱུང་བའི་བཀོད་སྒྲིག་བྱེད་ཚུལ་ཆ་ཚང་ཤོས་དང་། གྲུབ་ཆ་གསལ་ཤོས། བཟོ་དབྱིབས་ཆེས་རྙོག་འཛིང་ཆེ་ཤོས་ཡིན་པའི་རིམ་པ་མཐོ་བའི་བང་སོའི་གྲས་ཤིག་ཡིན་པ་དང་། དེའི་ནང་འ་ཞའི་བང་སོའི་བཟོ་དབྱིབས་ཀྱི་གཞི་རྩའི་ཁྱད་ཆོས་ཐོག་མར་གསལ་སྟོན་བྱས་ནས། ཀྲུང་གོའི་གནའ་རབས་བང་སོའི་ལམ་ལུགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད། 2020ལོར་མཚོ་སྔོན་དུར་ལམ་སྦྲེ་ལུང་བང་སོའི་ཚོགས་2018ལོའི་ཞུའེ་ཝུའེ་རྟགས་ཅན་གྱི་བང་སོ་ཨང་དང་པོ་ནི་ལོ་འཁོར་གྱི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་ཆེན་པོ་བཅུའི་ནང་བདམས་ཡོད་པ་རེད།
【1】  【2】  【3】  【4】
༄༅།།དུར་ལམ་གྱི་བང་སོ་འདི་ལ་རྟོག་ཞིབ་བྱས།