འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་སྤྱི་དམངས་འཕྲལ་མར་ཕྱིར་འཐེན་བྱ་དགོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་དང་ཧྥ་རན་སེ་གསར་འགྱུར་ཁང་སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་པན་པ་ལ་གྲོང་ཁྱེར་གྱི་དཔོན་རིགས་ཀྱིས། ས་གནས་དེ་གའི་གསེར་གཏེར་བཟོ་གྲྭ་ཞིག་ལ་ཚེས་19ཉིན་འཇབ་རྒོལ་ཕོག་ནས། ཀྲུང་གོའི་སྤྱི་དམངས་9རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།
   ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནི་ཨ་ཧྥེ་རི་ཁའི་སྐམ་སའི་དབུས་ཁུལ་གྱི་སྐམ་སའི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་འབོར་ཁྲི་500ཙམ་ཡོད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་62.3ཡོད་ཅིང་། རྒྱལ་ཁབ་འདིར་ཕ་ལམ་དང་། གསེར། ཡུ། ནིག མཱན་སོགས་གཏེར་ཁ་རིགས་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་དེའི་བདེ་འཇགས་ཁོར་ཡུག་ཇེ་སྡུག་ཏུ་སོང་བ་དང་། ཀྲུང་གོའི་སྤྱི་དམངས་ཁག་གཅིག་ནི་ཇག་པས་བཙན་ཁྲིད་དང་བཙན་འཕྲོག་བྱེད་སའི་གཙོ་གནད་དམིགས་འབེན་དུ་གྱུར་ཡོད།
   ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་ཟླ་3ཚེས་14ཉིན་བརྡ་ཁྱབ་བཏང་ནས་དྲན་སྐུལ་བྱས་དོན། རྒྱལ་ཁབ་དེར་ཉེ་བའི་ཟླ་བ་ཁ་ཤས་ནང་བདེ་འཇགས་ཀྱི་དོན་རྐྱེན་མང་པོ་ཐོན་ནས་བདེ་འཇགས་ཀྱི་དོན་རྐྱེན་མང་པོ་བྱུང་། ཕྱི་རྒྱལ་གྱི་སྤྱི་དམངས་ལ་ས་གནས་དེ་གའི་དྲག་ཆས་པས་བཙན་ཁྲིད་བྱས་པ་དང་། ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་དུ་ཡོད་པའི་ཀྲུང་གོའི་སྒྲིག་གཞི་དང་སྤྱི་དམངས་དང་དེ་བཞིན་དེར་ཡོང་འདོད་ཡོད་པའི་ཀྲུང་གོའི་སྤྱི་དམངས་དགོས་མཁོ་མེད་ན་རྒྱལ་ས་པན་ཅི་ཕུད་པའི་ས་ཁུལ་གཞན་དག་ལ་མ་འགྲོ།
   ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་19ཉིན་ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་གཞན་དག་ལ་བདེ་འཇགས་དོན་རྐྱེན་ཐོན་མང་བས་ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པན་ཅི་ཕུད་པའི་ས་ཁུལ་གཞན་དག་གི་ཀྲུང་གོའི་སྤྱི་དམངས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས།