འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་TikTokལ་ལག་རྩལ་ཕྱིར་འཚོང་བྱེད་དུ་འཇུག་མིན་སྐོར་གྱི་ལན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་3ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པས། ཀྲུང་གོ་ཕྱོགས་ཀྱིས་TikTokལ་ཕྱི་རྒྱལ་ལམ་ཡང་ན་ཉོ་མཁན་གཞན་དག་ལ་སྔོན་ཐོན་གྱི་ཚན་རྩལ་འཚོང་དུ་འཇུག་གམ་ཞེས་དྲིས། 
   ཝང་ཝུན་པིན་གྱིས། འབྲེལ་ཡོད་གནད་དོན་ཐད་ཀྱི་ལངས་ཕྱོགས་ང་ཚོས་གསལ་བཤད་ཐེངས་མང་བྱས་ཡོད། གཞི་གྲངས་བདེ་འཇགས་ཀྱི་གནད་དོན་དེ་རྒྱལ་ཁབ་རེ་ཟུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་ཁྱབ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱོད་པ། གནས་ལུགས་མེད་པར་རྒྱལ་ཁབ་གཞན་གྱི་ཁེ་ལས་གནོན་བྱེད་ཀྱི་ལག་ཆར་འགྱུར་བར་བྱེད་མི་རུང་བ་ང་ཚོས་སྔར་བཞིན་བསྐྱར་བསྒྲགས་བྱེད་འདོད་ཡོད་ཅེས་བརྗོད། 
   ཝང་ཝུན་པིན་གྱིས། “ལྷག་པར་དུ་ནན་བཤད་དགོས་པ་ཞིག་ནི་ཨ་རི་ཕྱོགས་ཀྱིས་ད་བར་TikTokཡིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོས་པའི་དཔང་རྟགས་བཏོན་ནས་ར་སྤྲོད་བྱེད་ཐུབ་མེད་”ཅེས་དང་། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་ཁྱབ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱོད་པ། ཁུངས་ལུང་མེད་པར་རྒྱལ་ཁབ་གཞན་དག་གི་ཁེ་ལས་ལ་གནོན་འཚེ་གཏོང་བ་དང་བཙན་ཤེད་ཀྱིས་འཕྲོག་བཅོམ་བྱེད་རིགས་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ཁྲོམ་རའི་དཔལ་འབྱོར་དང་འགྲན་རྩོད་དྲང་གཞག་གི་རྩ་དོན་ལ་བརྩི་འཇོག་བྱེད་པ་དང་། གནས་ལུགས་མེད་པར་རྒྱལ་ཁབ་གཞན་གྱི་ཁེ་ལས་གནོན་རིགས་མཚམས་འཇོག་བྱས་ནས། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཨ་རིར་དངུལ་འཇོག་ཚོང་གཉེར་བྱེད་པར་མཐོང་ཆུང་མི་བྱེད་པའི་ཁོར་ཡུག་དྲང་སྙོམས་དང་། དྲང་གཞག་གཏོད་དགོས་ཞེས་བརྗོད།