༄༅།།ཨུ་རུ་སུ་མ་ཞུགས་ན་བརྟག་དཔྱད་འབྲས་བུ་ཇི་མ་བཞིན་ཐོན་མི་ཐུབ་ཅེས་བཤད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་20ཉིན། 13:26】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨུ་རུ་སུའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཡིའུ་ལི་·ཝུའུ་ཧྲ་ཁོའོ་ཕུའུ་ཡིས། ཉེ་ཆར་ཏེན་མག་ཕྱོགས་ཀྱིས་ཨུ་རུ་སུ་“བྱང་ཞིའི་”རང་བྱུང་སོལ་རླངས་མདོང་ལམ་འབར་གས་ཀྱི་དོན་རྐྱེན་ལ་བརྟག་དཔྱད་བྱ་རྒྱུའི་ནང་ཞུགས་སུ་འཇུག་རྒྱུ་ཁས་མ་བླངས་པ་དང་། བྱེད་ཐབས་དེ་རིགས་ཀྱིས་བརྟག་དཔྱད་དགོས་ངེས་ཇི་མི་བཞིན་ཡོང་མི་ཐུབ་ཅེས་བཤད་པ་རེད།
ཉེ་ཆར། ཏེན་མག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སུ་“བྱང་ཞིའི་”རང་བྱུང་སོལ་རླངས་ཀྱི་མདོང་ལམ་འབར་གས་ཀྱི་དོན་རྐྱེན་ལ་བརྟག་དཔྱད་བྱེད་དུ་མི་འཇུག་ཅེས་བཤད་པ་རེད། དེའི་ཐད་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཚེས་16ཉིན། ཨུ་རུ་སུ་ཕྱོགས་བརྟག་དཔྱད་ལས་དོན་ནང་ཞུགས་རྒྱུ་ཁས་མི་ལེན་པ་དེ་ནི་མགོ་སྐོར་ཞིག་ཏུ་གྱུར་མོད། འོན་ཀྱང་། གནས་ཚུལ་ངོ་མ་སྦ་གསང་བྱེད་ཐབས་བྲལ་བ་རེད་ཅེས་བཤད་པ་རེད།