འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁ་ཚར་དགའ་བའི་མིར་ནད་འདི་འབྱུང་བ་དཀོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཁ་ཚར་དགའ་བའི་མིར་གཅིན་པ་མངར་འགྱུར་གྱི་ནད་འབྱུང་དཀའ་འམ། རིགས་གཅིག་མཁས་ཅན་གྱིས་བཤད་དོན། བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁ་ཚའི་ཟས་རིགས་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཚད་བར་ལ་ལྡོག་ཕྱོགས་ཀྱི་འབྲེལ་བ་ཡོད་པ་དང་། ཁ་ཚ་ཟས་ན་མིའི་ལུས་པོའི་དབྱེ་ཕྲལ་རྙིང་ཚབ་གསར་བརྗེའི་ནུས་པ་ཚད་ལས་བརྒལ་བ་དང་ནུས་པ་འདུས་ཚད་ཉུང་དུ་འགྲོ་སྲིད་པ་རེད། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི། བཟའ་ཚད་ཉིན་རེར་མཁོ་བའི་ཚད་ལས་བརྒལ་ཚེ། ནུས་པ་འདུས་ཆེ་བས་ཚབ་བརྗེའི་ནད་ཀྱི་འབྱུང་རྩར་ཡང་འགྱུར་སྲིད། ཁ་ཚའི་རྐྱེན་པས་ཟས་ཚད་ལས་བརྒལ་བ་ཟ་ངེས་པ་དང་ལྷག་པར་དུ་ཚོད་མའི་རིགས་མང་པོ་བཟའ་ངེས། བདེ་ཐང་གི་ཚལ་ཐོ་ཡོད་དགོས་ལ་བདེ་ཐང་གི་ཚད་ཀྱང་ཡོད་དགོས་པ་ལས་ཧམ་ཟ་བྱེད་མི་རུང་། དེ་ལྟར་མ་བྱས་ན་ཤ་ཚོན་པོ་དང་ཁྲག་མངར་གྱི་ནད་ཀྱང་ཐོན་སྲིད།