འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་ཡོམ་འདིའི་ཁྲོད་མི་14རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཕྱོགས་བསྡུས་ལུའུ་ཐུའུ་གསར་འགྱུར་ཁང་དང་ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་18ཉིན། ཨེ་ཁྭ་ཏོར་གྱི་ལྷོ་ནུབ་རྒྱུད་ཀྱི་ཀྭ་ཡ་སི་ཞིང་ཆེན་གྱི་མཚོ་རྒྱུད་ས་ཁུལ་དུ་བྱུང་བའི་ས་ཡོམ་ཚད་རིམ་6.5ཁྲོད་མི་14རྐྱེན་ལམ་དུ་ཤོར་བ་རེད། ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་མི་གྲངས་380ལྷག་ཙམ་ཟིན་པ་དང་། ཉུང་མཐར་ཡང་ཁང་པ་44མེད་པར་བཟོས་པ་དང་གཞན་ཡང་ཁང་པ་90ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད་ཅེས་འཁོད་ཡོད།