འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱི་པད་ཁའི་སྣ་ཁ་གཉིས《རྒྱལ་ཁབ་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ་དཀར་ཆག(2023ལོའི)》ནང་བཅུག་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ་དཀར་ཆག(2023ལོའི)》ནང་། ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་10དང་སོན་བཟང་241གཙོ་གནད་ཐོག་འོས་སྦྱོར་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱི་པད་ཁའི་ཐོན་ལས་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱིས་རང་བརྟེན་འདེབས་གསོ་བྱས་པའི་པད་ཁའི་སོན་བཟང་གི་མཚོ་སྔོན་གྱི་རྒྱུད་འདྲེས་ཨང་5པ་དང་མཚོ་སྔོན་གྱི་རྒྱུད་འདྲེས་ཨང་12པ་སོ་སོ་དཀར་ཆག་དེའི་གཙོ་རྐང་སྣ་ཁ་དང་སྐྱེ་འཚར་སྣ་ཁའི་ས་བོན་གྲས་སུ་བཅུག་པ་དེ་ནི་དཀར་ཆག་ནང་བཀོད་པའི་སྤུས་ལེགས་པད་ཁའི་སྣ་ཁ་26ཁྲོད་ཀྱི་དཔྱིད་འདེབས་པད་ཁའི་སྣ་ཁ་2པོ་དེ་རང་རེད།